འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འགོ་ཁྲིད་འདིར་བརྟག་དཔྱད་བྱས་འདུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་08ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་6ཚེས་7ཉིན། ཧོན་ཆིའུ་ལས་གྲྭའི་རྣམ་གྲངས་དོ་དམ་(པེ་ཅིང་)ཚད་ཡོད་ཀུང་སིའི་ལག་བསྟར་ལས་འཛིན་པ་དང་། ཏང་ཨུའི་ཧྲུའུ་ཅི། སྤྱི་ཁྱབ་ཅིང་ལི་ཧུའུ་ཅི་ཡུང་ཁྲེང་ཏུའུ་རུ་གཞུང་དོན་སྒྲུབ་པར་འགྲོ་བའི་སྐབས་སུ། ན་གཞོན་བུད་མེད་ཅིག་དང་ལག་རྡང་སྦྲེལ་ནས་སྲང་ལམ་དུ་ཉུལ་བ་དང་། གཞན་གྱིས་བཪྙན་དུ་ཕབ་པ་མ་ཟད་དྲ་ཐོག་ཏུ་རྒྱ་ཁྱབ་ངང་ཁྱབ་སྤེལ་བྱས་པས་དོ་སྣང་ཆེན་པོ་བྱེད་མཁན་བྱུང་།
     འབྲེལ་ཡོད་བརྙན་ལམ་ལས་མངོན་པར་གཞིགས་ན། ཧུའུ་ཅི་ཡུང་འདྲ་བའི་སྐྱེས་པ་དར་མ་ཞིག་གིས་ལག་པ་གཅིག་གིས་ཟོག་ཉོའི་ཁུག་མ་འཁྱེར་བ་དང་། ལག་པ་གཞན་ཞིག་གིས་ན་གཞོན་བུད་མེད་ཅིག་དང་ལག་རྡང་སྦྲེལ་ནས་འགྲོ་བཞིན་ཡོད།
     ཟླ་6ཚེས་7ཉིན་གྱི་དགོང་མོར། ཀྲུང་གོ་རྡོ་སྣུམ་པེ་ཅིང་རྣམ་གྲངས་དོ་དམ་ཀུང་སིས་གནས་ཚུལ་ཡོངས་བསྒྲགས་བརྡ་ཁྱབ་བཏང་དོན་དུ། དྲ་ཐོག་ནས་ང་ཚོའི་ཀུང་སིའི་ཁོངས་སུ་གཏོགས་པའི་ཧོན་ཆིའུ་རྣམ་གྲངས་དོ་དམ་ཀུང་སིའི་ལས་མི་ཧུའུ་ཅི་ཡུང་གི་འབྲེལ་ཡོད་ཆ་འཕྲིན་ལ་གཞིགས་ན། ཀུང་སིའི་ཏང་ཨུས་མཐོང་ཧ་ཅང་ཆེན་པོར་བྱས་ནས་འཕྲལ་དུ་ཞིབ་དཔྱད་ཤེས་རྟོགས་བྱ་རྒྱུའི་སྒྲིག་འཛུགས་བྱས་པ་རེད། ད་ཆ་དོན་དག་དང་འབྲེལ་བ་ཡོད་པའི་མི་སྣ་ཧུའུ་ཅི་ཡུང་གི་ཧོན་ཆིའུ་རྣམ་གྲངས་དོ་དམ་ཀུང་སིའི་ལག་བསྟར་ལས་འཛིན་པ་དང་། ཏང་ཨུའི་ཧྲུའུ་ཅི། སྤྱི་ཁྱབ་ཅིང་ལི་བཅས་ཀྱི་གོ་གནས་མེད་པར་བཟོས་པ་དང་འབྲེལ། ཀུང་སིའི་སྒྲིག་ཨུའི་ཞིབ་བཤེར་དང་ལེན་ཡང་བྱས་པ་རེད། ཀུང་སིས་མཇུག་འབྲས་ལ་གཞིགས་ནས་ཐག་གཅོད་སྔར་ལེགས་བྱ་རྒྱུ་དང་། སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད།