འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཐེ་ཇུས་དང་བཀག་སྡོམ་གྱིས་གནད་དོན་འདི་ཐག་གཅོད་མི་ཐུབ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་08ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་5ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་གཞོན་པ་ཏའེ་པིང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབུས་རྒྱུད་ཀྱི་ཨ་ཧྥེ་རི་ཁའི་གནད་དོན་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས། ཕྱི་ཕྱོགས་ཀྱི་ཐེ་ཇུས་དང་ཕྱོགས་རྐྱང་པའི་བཀག་སྡོམ་གྱིས་གནད་དོན་ཐག་གཅོད་མི་ཐུབ་པའི་ནན་བཤད་བྱས་པ་རེད།
     ཏའེ་པིང་གིས་བཤད་དོན། ཉེ་དུས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོའི་དུས་བབ་ཐོག་ནས་ཨ་ཧྥེ་རི་ཁའི་གནད་དོན་ཐག་གཅོད་པར་ངེས་པར་དུ་ནང་ཁུལ་ནས་ཐག་གཅོད་ཀྱི་ཇུས་གཞི་འཚོལ་དགོས་པའི་གསལ་བཤད་བྱས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་བདག་རྒྱལ་ཁབ་ཀྱི་བདག་དབང་དང་གཙོ་ཁྲིད་དབང་ཆར་བརྩི་འཇོག་བྱས་ནས། ས་ཁུལ་གྱི་ཆབ་སྲིད་བརྟན་ལྷིང་སྲུང་སྐྱོང་བྱེད་ཆེད་དྲང་ནུས་འདོན་དགོས། རྟག་པར་ཕྱི་ཕྱོགས་ལ་ཐེ་ཇུས་དང་ཕྱོགས་རྐྱང་པའི་བཀག་སྡོམ་བྱས་ཚེ་གནད་དོན་ཐག་གཅོད་མི་ཐུབ་པ་མ་ཟད། དེ་ལས་ལྡོག་སྟེ་འགལ་བ་ཛ་དྲག་ཏུ་འགྲོ་སྲིད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་བདག་རྒྱལ་ཁབ་ཀྱི་དོན་དངོས་དང་མི་དམངས་ཀྱི་དགོས་མཁོར་གཞིགས་ནས། འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལ་ཕྱི་རོལ་ཡུལ་དང་མཐུན་པའི་གདེང་འཇོག་བྱེད་དགོས་པ་ལས། འགྲོ་བ་མིའི་ཐོབ་ཐང་འབོད་ཚིག་སྟོང་པར་བརྩི་མི་རུང་ལ། དོ་བདག་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་ལག་ཆར་དེ་བས་ཀྱང་བརྩི་མི་རུང་བ་ཀྲུང་གོ་ཕྱོགས་ནས་ངོས་འཛིན་བྱེད་ཀྱི་ཡོད།
     ཏའེ་པིང་གིས་བཤད་དོན། ཀྲུང་གོ་ནི་དབུས་རྒྱུད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་ཞིག་ཡིན་པས། ས་ཁུལ་གྱི་ཞི་བདེ་འཕེལ་རྒྱས་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ས་ཁུལ་ལ་དོ་ཁུར་དང་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་ནས། དགེ་མཚན་ལྡན་པའི་རྒྱབ་སྐྱོར་དེ་བས་མང་པོ་མཁོ་འདོན་བྱེད་འདོད་ཡོད།