འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིའི་ཀུང་སི་འདིར་ཆད་པ་བཅད་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་08ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་ཉོ་ཚོང་ཨུ་ལྷན་གྱིས་ཚེས་6ཉིན་བཤད་དོན། མཉེན་ཆས་ཀུང་སིས་《བྱིས་པའི་དྲ་ཐོག་གསང་དོན་སྲུང་སྐྱོང་བཅའ་ཁྲིམས་》ལས་འགལ་ཏེ། ཕ་མར་བརྡ་མ་བཏང་བའམ་ཡང་ན་ཕ་མའི་མོས་མཐུན་མ་ཐོབ་པའི་གནས་ཚུལ་འོག ལོ་13མན་གྱི་བྱིས་པ་ཐོ་འགོད་བྱས་ནས་གསར་སྤེལ་བྱས་པའི་རོལ་རྩེད་འཕྲུལ་འཁོར་(Xbox)ནང་། ཁོང་ཚོའི་སྒེར་གྱི་ཆ་འཕྲིན་བསྡུ་ལེན་བྱས་ནས་དུས་གཅིག་ཏུ་ཉར་ཚགས་བྱས་པ་དང་། མཉེན་ཆས་ཀུང་སིས་ཨ་སྒོར་ཁྲི་2000སྤྲོད་དགོས་པ་ཧ་ལམ་མི་དམངས་ཤོག་སྒོར་དུང་ཕྱུར་1.42ཀྱི་དངུལ་ཆད་བཅད་པ་རེད།