འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨུ་རུ་སུ་དང་ཡུག་རེན་གྱིས་ཕན་ཚུན་སྐྱོན་བརྗོད་བྱས་པའི་ཐད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་08ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་6ཚེས་7ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     དྲི་བ། ཁ་སང་ཁཱ་ཧུའོ་ཧྥུ་ཁཱ་ཆུ་གློག་ས་ཚིགས་ཀྱི་རགས་ཆེན་གཏོར་བཤིག་ཐེབས་པ་དང་། ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་ཀས་ཕ་རོལ་པོས་རགས་ཆེན་གཏོར་བཤིག་གཏོང་བའི་བྱ་སྤྱོད་སྤེལ་བ་ཡིན་ལུགས་ཕན་ཚུན་སྐྱོན་བརྗོད་བྱས་པས། ཀྲུང་གོའི་ཕྱོགས་ལ་འདིའི་ཐད་དཔྱད་གཏམ་གང་ཞིག་ཡོད་དམ། 
     དྲིས་ལན། ང་ཚོས་འབྲེལ་ཡོད་གནས་འཕྲིན་སྤེལ་བར་དོ་སྣང་བྱུང་། ཁཱ་ཧུའོ་ཧྥུ་ཁཱ་ཆུ་གློག་ས་ཚིགས་ཀྱི་ཆུ་རགས་ལ་གཏོར་སྐྱོན་ཐེབས་པར་དོ་ཁུར་ཆེན་པོ་བྱེད་པ་དང་། དེ་ལས་བྱུང་བའི་མི་ཆོས་དང་། དཔལ་འབྱོར། སྐྱེ་ཁམས་བཅས་ལ་ཤུགས་རྐྱེན་ཐེབས་ཉེན་གྱི་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད། ང་ཚོས་གདོང་གཏུག་པ་ཕྱོགས་ཚང་མས་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལ་བརྩི་སྲུང་ཞུས་ནས་མི་སེར་དང་དམངས་སྤྱོད་སྒྲིག་བཀོད་ཀྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བྱེད་རྒྱུ་ཡིན། ཡུག་རེན་གྱི་ཉམས་ཉེན་སྐོར་གྱི་ཀྲུང་གོའི་ཕྱོགས་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གསལ་པོ་ཡིན་ཞིང་། ད་ལྟའི་གནས་བབ་འོག་ཕྱོགས་ཁག་གིས་ཡུག་རེན་གྱི་ཉམས་ཉེན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པར་འབད་བརྩོན་བྱས་ཏེ་ཐུན་མོང་ཐོག་གནས་བབ་ཞི་ལྷོད་དུ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།