འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིའི་མངའ་སྡེ་འདི་གཉིས་ཀྱི་ཉེན་ཟོན་སྔོན་བརྡ་བཏང་། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་08ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་7ཉིན། ཨ་རིའི་ཐེ་ལ་ཧྭ་མངའ་སྡེའི་རང་བྱུང་ཐོན་ཁུངས་དང་ཁོར་ཡུག་ཚོད་འཛིན་པུའུ་ཡིས་(DNRE)ཉེན་བརྡ་བཏང་སྟེ། ཚེས་7ནས་8ཉིན་བར། ཐེ་ལ་ཧྭ་མངའ་སྡེའི་མཁའ་རླུང་སྤུས་ཚད་ཡག་པོ་མེད་པས། གྲོང་མིར་ཕྱི་རོལ་གྱི་བྱེད་སྒོ་ཉུང་དུ་གཏོང་རྒྱུ་དང་ཁ་རས་རྒྱག་རྒྱུའི་གྲོས་འགོ་བཏོན་པ་མ་ཟད། མཁའ་རླུང་དྭངས་སིང་གི་ས་ཆར་སྡོད་གང་ཐུབ་བྱ་རྒྱུའི་གྲོས་འགོ་བཏོན་འདུག 
   ཉིའུ་ཡོག་གྲོང་ཁྱེར་གྱི་འགོ་འཛིན་ཨའེ་ལི་ཁེ་·ཡཱ་ཏང་སིས་ཀྱང་ཉེན་ཟོན་སྔོན་བརྡ་བཏང་སྟེ་ཉིའུ་ཡོག་གྲོང་ཁྱེར་གྱི་མཁའ་རླུང་གི་སྤུས་ཚད་གནས་ཚུལ་ཚེས་7དང་8ཉིན་གྱི་མཚན་མོ་ཡག་ཏུ་འགྲོ་རྒྱུ་དང་། དེ་རྗེས་ཚེས་8ཉིན་གྱི་ཕྱི་དྲོ་ནས་སླར་ཡང་ཇེ་སྡུག་ཏུ་འགྲོ་རྒྱུ་རེད། ཚེས་9ཉིན་གྱི་ཞོགས་པ་ལེགས་སུ་འགྲོ་སྲིད་མོད། འོན་ཀྱང་། ད་ལམ་རྒྱང་རིང་གི་དུ་བའི་གནས་ཚུལ་སྔོན་དཔག་བྱེད་དཀའ་བས། ཚེས་9ཉིན་གྱི་མཁའ་རླུང་གི་གནས་ཚུལ་དངོས་ཚོད་དཔག་དཀའ་བ་ཡིན་ལུགས་བརྗོད།