འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་ཧྭའི་རིག་གནས་ཁྭ་ལ་ལུམ་ཕུར་གྱི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཐོག་བཀྲག་མདངས་འཚེར་སར་གྱུར་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་08ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། བསོད་དབང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། མའོ་ཕུང་ཧྥེ་དང་ཝང་དབྱི།
     དུས་ཡུན་ཉིན་10ཡི་ཁྭ་ལ་ལུམ་ཕུར་གྱི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་40པ་ཚེས་4ཉིན་མཇུག་འགྲིལ་ཞིང་། ཀྲུང་གོ་ནི་སྐབས་འདིའི་དཔེ་དེབ་འགྲེམས་སྟོན་གྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཡིན་པས་ཀྲུང་གོའི་དཔེ་སྐྲུན་ཚན་པ་30ལྷག་ཙམ་གྱིས་གྲ་སྒྲིག་ཞིབ་ཚགས་བྱས་པའི་དཔེ་དེབ་སྤུས་དག་ཁྲི་གཅིག་ཡན་དང་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་30ལྷག་ཙམ་སྤེལ་ནས་མ་ལེ་ཞི་ཡའི་ཀློག་པ་པོར་ཀྲུང་ཧྭའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད་པ་རེད།
     སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་འགྲེམས་ཁུལ་དུ《ཞི་ཅིན་ཕིང་གི་གསུང་རྩོམ་འདེམས་ཀློག》དང《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དང“ཞབས་རྗེས”ཞེས་པའི་མུ་འབྲེལ་དཔེ་དེབ་སོགས་ཀྲུང་ཕྱིའི་ཡིག་རིགས་པར་གཞིའི་དཔེ་དེབ་མངོན་གསལ་དོད་ཤོས་ཀྱི་གནས་སུ་བསྒྲིགས་ཡོད་པ་རེད། སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་བྱེད་སྒོ་སྤེལ་རིང་པར་ཕུད་འགྲེམས་སྤེལ་བྱས་པའི《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》ཞེས་པའི་དབྱིན་ཡིག་པར་གཞི་དེས་ཀློག་པ་པོ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད། 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》གྱི་དབྱིན་ཡིག་པར་གཞི་དཔེ་སྐྲུན་བྱེད་པའི་ནང་ཞུགས་མཁན་རྒྱ་གར་སྤྱི་སྤྱོད་དཔེ་སྐྲུན་ཁང་གི་ཙུང་ཚའེ་ཁོ་ཧྲར་·ཀེ་ཡར་གྱིས“དཔེ་དེབ་དེའི་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་དཔེ་གསར་ཡིན་པས་དེང་རབས་ཀྲུང་གོ་ཤེས་རྟོགས་ཐུབ་ཆེད‘བསམ་བློའི་སྒོ་མོ’ཕྱེ་ཡོད”ཅེས་བརྗོད་པ་རེད།
     《ཞི་ཅིན་ཕིང་གིས་གཏམ་རྒྱུད་གླེང་བ》ཞེས་པའི་ནེ་པ་ལའི་ཡི་གེའི་པར་གཞིའི་ནེ་པ་ལའི་དེང་རབས་དཔེ་སྐྲུན་ཀུང་སིའི་ཙུང་ཚའེ་ཅི་ལན·ཀའོ་ཐ་མུའུ་ཡིས་དུས་ཡུན་རིང་པོའི་ནང་ཀྲུང་གོའི་འཕེལ་རྒྱས་ལ་དོ་ཁུར་བྱེད་ཅིང་། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་ལས་ཕྱི་རྒྱལ་གྱི་ཀློག་པ་པོས་ཀྲུང་གོའི་འཕེལ་རྒྱས་ཀྱི་ལམ་བུ་ཤེས་རྟོགས་ཐུབ་པ་དང་རྒྱལ་ཁབ་གཞན་གྱི་འཕེལ་རྒྱས་ལ་དཔྱད་གཞི་མཁོ་འདོན་ཐུབ་ཡོད་ཅེས་བརྗོད་པ་རེད།
     རོའུ་ཧྥུའུ་ཀྲོའུ་ནས་ཡིན་པའི་ལོ་13ལ་སླེབས་པའི་སློབ་འབྲིང་སློབ་མ་ཀྲང་ཡུས་ཧུང་གིས་ཀྲུང་གོའི་གནའ་བོའི་སྐྲུན་དངོས་ཀྱི་དཔེ་དེབ་མཐུག་པོ་ཞིག་འཁྱེར་ནས་སློབ་ཕྲུག་ཚོ་དང་མཉམ་དུ་ཀྲུང་གོའི་ཨར་ལས་དཔེ་སྐྲུན་སྨྱན་སྦྱོར་ཚད་ཡོད་ཀུང་སིའི་དཔེ་དེབ་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་ལུའེ་ཧྲེང་གི་འགྲེལ་བཤད་ཉན་པ་རེད།
     “ང་དཔེ་དེབ་དེར་ཧ་ཅང་དགའ་པོ་ཡོད། མ་ལེ་ཞི་ཡར་ཀྲུང་གོའི་ཉམས་འགྱུར་ལྡན་པའི་སྐྲུན་དངོས་མང་པོ་ཞིག་རྒྱུན་དུ་མཐོང་རྒྱུ་ཡོད་མོད། འོན་ཀྱང་སྐྲུན་དངོས་དེ་དག་ནང་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པོ་དེ་འདྲ་ཡོད་པ་ངས་ཤེས་ཀྱི་མེད”ཅེས་ཀྲང་ཡུས་ཧུང་གིས་བརྗོད་པ་རེད།
     ཀྲུང་གོའི་སྲོལ་རྒྱུན་གྱི་ཤིང་པར་སྒྱུ་རྩལ་མཉམ་འགུལ་འགྲེམས་སྟེགས་སུ་ལྟ་སྐོར་བ་རྒྱུན་ཆད་རྒྱུ་མེད་ཅིང་། ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་གི་འགྲེམས་སྟོན་པུའི་ཀྲུའུ་རེན་ཝུའུ་ཤའོ་ཐེན་གྱིས་ལྟད་མོ་བར་ཀྲུང་གོའི་ཤིང་པད་མ་དང་མ་ལེ་ཞི་ཡའི་རྒྱལ་ཁབ་ཀྱི་མེ་ཏོག་ཤིང་ཧྥུ་སང་གིས་རི་མོ་གཙོ་བོར་བྱས་པའི་ཚོས་མདོག་གཉིས་ལྡན་གྱི་ཤིང་པར་རི་མོ་དང་ཚོན་གཅིག་མའི་རྒྱ་ཡིག“བསོད་ནམས”གི་ཤིང་པར་སློབ་ཁྲིད་བྱས་པར་མ་ལེ་ཞི་ཡའི་ལྟད་མོ་བས་གཅིག་རྗེས་གཉིས་མཐུད་ངང་ཉམས་ལེན་བྱས་པ་རེད།
     མ་ལེ་ཞི་ཡའི་ཡུལ་སྐོར་དང་། སྒྱུ་རྩལ། རིག་གནས་པུའུ་ཀྲང་ཀྲང་ཆིང་ཤིན་གྱིས་འགྲེམས་སྟེགས་སུ་ལྟ་སྦྱོང་བྱས་རྗེས་ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་གིས་མ་ལེ་ཞི་ཡར་ཀྲུང་གོའི་སྲོལ་རྒྱུན་གྱི་ཤིང་པར་སྒྱུ་རྩལ་སྤེལ་རེས་དང་། གསོ་སྦྱོང་། འགྲེམས་སྟོན་བཅས་ཀྱི་བྱེད་སྒོ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།