འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཅེ་ཅེ་ཡེ་ཧྥུས་མཱ་ལིན་སི་ཅི་མཉམ་སྒྲོག་རོལ་དབྱངས་ཚོགས་པའི་སྣེ་ཁྲིད་དེ་རོལ་དབྱངས་དཀྲོལ་གཏོང་བྱས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་07ཉིན། 16:50】   (རྩོམ་སྒྲིག་འགན་འཁུར་པ། བསོད་དབང་།)

 
འདི་ནི་2023ལོའི་པེ་ཅིང་ལྕགས་རི་རིང་པོའི་རོལ་དབྱངས་འདུ་འཛོམས་ཀྱི་ཚོགས་ར་ཡིན།
འདི་ནི་2023ལོའི་པེ་ཅིང་ལྕགས་རི་རིང་པོའི་རོལ་དབྱངས་འདུ་འཛོམས་ཀྱི་ཚོགས་ར་ཡིན།
     མི་དམངས་དྲ་བའི་འཕྲིན། བརྗིད་ཉམས་ལྡན་པའི་ལྕགས་རི་རིང་པོ་དང་སྤྲོ་སེམས་རབ་ཏུ་རྒྱས་པའི་གདངས་དབྱངས་ཁྲོད་ཟླ་6ཚེས་2ཉིན་དང་ཚེས་3ཉིན་གྱི་དགོང་མོར། ཨུ་རུ་སུའི་བཀོད་འདོམས་པ་ཝ་ལེ་ལི་· ཅེ་ཅེ་ཡེ་ཧྥུ་དང་མཱ་ལིན་སི་ཅི་མཉམ་སྒྲོག་རོལ་དབྱངས་ཚོགས་པ་གཉིས་ཀྱིས་པཱ་ཏ་ལིན་ལྕགས་རི་རིང་བོའི་གཤམ་དུ་རོལ་དབྱངས་དཀྲོལ་གཏོང་བྱས་པ་རེད།
     རོལ་དབྱངས་འདུ་ཚོགས་ཐེངས་གཉིས་ཀྱི་ཁྲོད། ཨུ་རུ་སུའི་ཉམས་འགྱུར་ལྡན་པའི《ཧྲ་ཧོང་གོང་མ་ས་ཐན་གྱི་གཏམ་རྒྱུད》ཡི་ཚན་སྒྲིག་རོལ་དབྱངས་《ངོ་མཚར་གསུམ》དང་། ལུའོ་ཞི་ཉི་ཡི་བརྩམས་ཆོས་གྲགས་ཅན《ཝེ་ལེན·ཐུད་ཨར》གྱི་འགོ་ཚུགས་རོལ་དབྱངས། ཁྲའེ་ཁོ་ཧྥུ་སི་ཅིའི《སྟར་ཀའི་བཙིར་འཛིན》གྱི་ཚན་སྒྲིག་རོལ་དབྱངས་བཅས་ཡོད་པ་མ་ཟད། ཀྲུང་གོའི་གདངས་འབྲིང་གླུ་བ་གྲགས་ཅན་ལིའོ་ཁྲང་ཡུང་གིས《ཨ་ཕའི་རྩྭ་ཐང་དང་ཨ་མའི་ཆུ་བོ》ཞེས་པའི་གླུ་གཞས་བཏང་བ་དང་། དེ་བཞིན་མཉམ་སྒྲོག་ཚན་སྒྲིག་རོལ་དབྱངས་《དར་དམར་ལ་བསྟོད་པ》སོགས་འཁྲབ་སྟོན་བྱས་པ་རེད། ཐེངས་འདིའི་འཁྲབ་སྟོན་གྱིས་ཡུལ་དངོས་ལྟད་མོ་བ་རྣམས་ལ་ཀྲུང་གོ་དང་ཕྱིའི་རྒྱལ་ཁབ་ཀྱི་རོལ་མོའི་ཡུལ་སྐོར་ཞིག་ཉམས་ལེན་བྱེད་དུ་བཅུག་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་6ཚེས་22ཉིན་དང་ཚེས་23ཉིན་ལ། 2023ལོའི་པེ་ཅིང་ལྕགས་རི་རིང་པོའི་རོལ་དབྱངས་འདུ་འཛོམས་ཀྱི་མཐའ་མའི་འཁྲབ་སྟོན་གཉིས་པོ་བྱ་རྒྱུ་ཡིན་པ་དང་། ཧྥེ་ཏའོ་ཞེ་ཡེ་ཧྥུ་ཡིས་ཁྲའེ་ཁོ་ཧྥུ་སི་ཅིའི་མཉམ་སྒྲོག་རོལ་ཚོགས་དང་། ཨུ་རུ་སུའི་གསར་སྐྱེས་སྣོ་སྦྲེང་ཆེད་མཁས་པ་དབྱི་ཝན་· པའེ་སུའོ་ནོ་ཧྥུ། དེ་སྔོན་ཨུ་རུ་སུའི་བྱས་རྗེས་གཟེངས་སུ་ཐོན་པའི་སྒྱུ་རྩལ་པའི་མཚན་སྙན་ཐོབ་པའི་གླུ་མ་ཨ་པིན་ན། དེ་བཞིན་ཀྲུང་གོའི་གདངས་མཐོ་གླུ་བ་མའོ་ཧྭ་ལུན་བཅས་ཀྱིས་མཉམ་དུ་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད།