འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ནགས་ཚལ་འདིར་མེ་སྐྱོན་ཤོར་བཞིན་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་06ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ནགས་ཚལ་འདིར་མེ་སྐྱོན་ཤོར་བཞིན་འདུག
     ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་5ཉིན། ཁ་ན་ཏའི་ཙུང་ལི་ཐེ་ལུའུ་ཏུའོ་དང་ནང་བློན་ཁང་གི་པུའུ་ཀྲང་འགའ་ཞིག་གིས་ཨོ་ཐེ་ཝ་རུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ཁ་ན་ཏའི་ས་ཁོངས་ནང་གི་ས་གནས་ཁག་གི་ཕྱི་རོལ་མེ་སྐྱོན་གྱི་གནས་ཚུལ་གསར་ཤོས་ངོ་སྤྲོད་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཟླ་6ཚེས་4ཉིན་གྱི་ཕྱི་དྲོའི་བར་ཁ་ན་ཏའི་ཞིང་ཆེན་དང་བྱང་རྒྱུད་ས་ཁུལ་མང་པོ་ཞིག་ཏུ་ཕྱི་རོལ་གྱི་མེ་སྐྱོན་413སྔར་བཞིན་བསད་ཐུབ་མེད། མིག་སྔར་མེ་ཤོར་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་300ཙམ་ཟིན་ཡོད། 
ཁ་ན་ཏའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་སྔོན་དཔག་བྱས་པར་གཞིགས་ན། ཟླ་8པར་སླེབས་སྐབས། ཁ་ན་ཏའི་ས་ཁུལ་མང་ཆེ་བའི་མེ་སྐྱོན་གྱི་གནས་ཚུལ་རྒྱུན་གཏན་གྱི་ཆུ་ཚད་ལས་མཐོ་ངེས་ཡིན།