འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོ་དང་ཨ་རིའི་ཕྱི་འབྲེལ་དཔོན་གྱིས་པེ་ཅིང་དུ་གྲོས་མོལ་བྱས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་06ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཀྲུང་གོ་དང་ཨ་རིའི་ཕྱི་འབྲེལ་དཔོན་གྱིས་པེ་ཅིང་དུ་གྲོས་མོལ་བྱས།
     ཟླ་6ཚེས་5ཉིན། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་དོན་གྱི་ལས་རོགས་རྒྱལ་དོན་བློན་ཆེན་ཁེང་ཏཱ་དང་། ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་ཀྲུང་གོའི་ལས་དོན་གྱི་མཐོ་རིམ་ཀྲུའུ་རེན་པེ་ཧྲ་ལན་ཀྲུང་གོར་འཚམས་འདྲིར་ཡོང་ནས། ཀྲུང་གོའི་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་མཱ་ཀྲའོ་ཞུའེ་དང་ཐུག་འཕྲད་བྱས་པ་དང་། ཕྱི་འབྲེལ་པུའི་མེ་གླིང་དང་རྒྱ་མཚོ་ཆེན་པོའི་གླིང་སིའི་སི་ཀྲང་དབྱང་ཐའོ་དང་གྲོས་མོལ་བྱས་པ་རེད།
     ཕྱོགས་གཉིས་པོས་ན་ནིང་ཟླ་11པར་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་པཱ་ལི་གླིང་ཕྲན་དུ་མཇལ་འཛོམས་གནང་བའི་ངོས་འཛིན་གཅིག་མཐུན་ལྟར། ཀྲུང་ཨའི་འབྲེལ་བ་ལེགས་སུ་གཏོང་བ་དང་མི་མཐུན་པའི་ཆ་དོ་དམ་དང་ཚོད་འཛིན་འོས་འཚམ་བྱེད་པ་སོགས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་ལྷག་བསམ་ཟོལ་མེད་དང་། དགེ་མཚན་ལྡན་པ། ཕན་འབྲས་ལྡན་པ་བཅས་ཀྱི་འབྲེལ་གཏུག་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཐའེ་ཝན་སོགས་རྩ་དོན་གྱི་གནད་དོན་གལ་ཆེན་ཐད་ལངས་ཕྱོགས་ནན་པོ་གསལ་བཤད་བྱས་ཡོད། ཕྱོགས་གཉིས་པོས་མུ་མཐུད་འབྲེལ་གཏུག་རྒྱུན་འཁྱོངས་བྱ་རྒྱུའི་མོས་མཐུན་བྱས་པ་རེད། 
༄༅།།ཀྲུང་གོ་དང་ཨ་རིའི་ཕྱི་འབྲེལ་དཔོན་གྱིས་པེ་ཅིང་དུ་གྲོས་མོལ་བྱས།