འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྐད་འཕྲིན་གྲོགས་ཚོམས་སུ་འདི་6གཏན་ནས་སྐུར་མི་རུང་། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་05ཉིན། 16:55】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     རྒྱུགས་སྤྲོད་སློབ་མས་དོ་སྣང་བྱེད་རོགས། དངོས་པོ་འདི་དག་གྲོགས་ཚོགས་སུ་གཏན་ནས་སྐུར་མི་རུང་། དེའི་ནང་དུ་རྒྱུགས་སྤྲོད་ལག་ཁྱེར་དང་། སྒེར་གྱི་ཐོབ་ཐང་ལག་ཁྱེར། རྒྱུགས་སྤྲོད་སློབ་མའི་ཨང་གྲངས་དང་གསང་གྲངས། དང་བླངས་རེའུ་མིག་འགོད་པའི་ཤོག་བུ། རྒྱུགས་འབྲས་རེའུ་མིག་གམ་ཡང་ན་དྲ་ངོས་འདྲི་རྩད་པར་རིས། སྒེར་གྱི་སློབ་བསྡུའི་བརྡ་ཐོ་བཅས་ཚུད་ཡོད། འདི་དག་གི་ནང་དུ་ཁྱེད་ཉིད་ཀྱི་སྒེར་གྱི་ཆ་འཕྲིན་ཡོད་པས་ཕྱི་ལ་གཏན་ནས་གྱར་མི་རུང་། གལ་ཏེ་མ་རུང་ཁོག་བཅུག་པའི་ལག་ཏུ་ཐོབ་ན། ཁྱེད་ཉིད་ལ་མགོ་སྒོར་གཏོང་སྲིད།