འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཁབ་འདི་གཉིས་ཀྱི་དམག་གྲུ་ཐའེ་ཝན་མཚོ་འགག་སྒྲོལ་བའི་ཐད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་05ཉིན། 16:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤར་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་སྐམ་དམག་ཏཱ་ཞའོ་ཧྲི་དབྱི་ཡིས། ཟླ་6ཚེས་3ཉིན། ཨ་རིའི་“ཀྲུང་ཡུན་”རྟགས་ཅན་གྱི་མཐར་སྐྲོད་དམག་གྲུ་དང་། ཁ་ན་ཏའི་“མོང་ཐེ་ལིར་”རྟགས་ཅན་གྱི་སྲུང་སྐྱེལ་དམག་གྲུ་ཐའེ་ཝན་མཚོ་འགག་སྒྲོལ་ནས་ཡོངས་བསྒྲགས་ངང་འུད་སྒྲོག་བྱས་པ་རེད། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ཤར་རྒྱུད་འཐབ་ཁུལ་གྱིས་མཚོ་ཐོག་དང་མཁའ་དབྱིངས་ཀྱི་དམག་ཤུགས་སྒྲིག་འཛུགས་བྱས་ནས། བརྒྱུད་རིམ་ཧྲིལ་པོར་ལྟ་ཞིབ་དང་ཉེན་ཟོན་བྱས་པ་དང་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱས་པ་རེད། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཐའེ་ཝན་མཚོ་འགག་ཁུལ་དུ་བསམ་གཟས་ནས་དོན་རྐྱེན་བཟོས་པ་དང་། བསམ་གཟས་ནས་ཉེན་ཁ་བཟོས་པ། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་བསམ་གཟས་ནས་གཏོར་བཤིག་བཏང་བ། “ཐའེ་ཝན་རང་བཙན་”ཕྱོགས་གཏོགས་ལ་ནོར་འཁྲུལ་གྱི་བརྡ་རྟགས་བཏང་བ་རེད། འཐབ་ཁུལ་གྱི་དཔུང་སྡེས་དུས་དང་རྣམ་པ་ཀུན་ཏུ་ཚད་དོགས་ཟོན་ཆེན་པོ་བྱས་ནས། བྱ་ཐབས་དགོས་ངེས་མཐའ་དག་སྤྱད་དེ་འཇིགས་སྐུལ་གྱི་འགྲན་སློང་མཐའ་དག་ལ་ཁ་གཏད་མཐའ་གཅིག་ཏུ་འཇལ་ཏེ། རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།