འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིའི་དམག་སྤྱོད་གནམ་གྲུ་བཀག་འགོག་བྱས་པའི་ཐད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་05ཉིན། 16:53】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    ཚེས་4ཉིན་ཤམ་བྷ་ལའི་གླེང་མོས་བྱེད་རེས་ཀྱི་ཚོགས་འདུ་སྐབས་ཉི་ཤུ་པའི་ཐོག ཀྲུང་གོའི་རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲུང་པུའུ་ཀྲང་གཅིག་ལྕོགས་ལི་ཧྲང་ཧྥུའུ་ཡིས་ཀྲུང་གོའི་དམག་སྤྱོད་གནམ་གྲུས་ཨ་རིའི་དམག་སྤྱོད་གནམ་གྲུ་བཀག་འགོག་བྱས་ཟེར་བའི་ཐད་དྲི་བར་ལན་བཏབ་པ་རེད།
     ཁོང་གིས། ངས་ལྡོག་འདྲི་ཞིག་བྱེད་དགོས་པ་ནི། ཚང་མས་བཏོན་པའི་གནད་དོན་ཡོངས་རྫོགས་ཀྲུང་གོའི་མངའ་ཁོངས་བར་སྣང་དང་མངའ་ཁོངས་རྒྱ་མཚོའི་ཉེ་འགྲམ་དུ་ཐོན་པ་ལས། རྒྱལ་ཁབ་གཞན་དག་གི་མངའ་ཁོངས་བར་སྣང་དང་མངའ་ཁོངས་རྒྱ་མཚོའི་ཉེ་འགྲམ་དུ་བྱུང་བ་མིན་དོན་གང་ཡིན་ནམ། དེའི་རྒྱུ་མཚན་ནི་ཀྲུང་གོའི་དམག་སྤྱོད་གནམ་གྲུ་དང་དམག་གྲུས་སྔར་ནས་ད་བར་རྒྱལ་ཁབ་གཞན་གྱི་མངའ་ཁོངས་བར་སྣང་དང་། མངའ་ཁོངས་རྒྱ་མཚོའི་ཉེ་འགྲམ་དུ་བསྐྱོད་དེ་མཚོ་འགྲུལ་གྱི་བཙན་དབང་ཟེར་བ་བཟོ་མི་སྲིད་པ་རེད། ཐབས་ཤེས་ཡག་ཤོས་ནི་རྒྱལ་ཁབ་ཁག་གིས་རང་ཉིད་ཀྱི་དམག་གྲུར་དོ་དམ་ཡག་པོ་དང་། རང་ཉིད་ཀྱི་གནམ་གྲུར་དོ་དམ་ཡག་པོ་བྱ་རྒྱུ་དེ་ཡིན་ཞེས་གསུངས།