འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2022ལོར་རྒྱལ་ཡོངས་ཀྱི་རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་05ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་ཀྲུང་གོ་གནམ་གཤིས་ཅུས་ཀྱིས《2022ལོའི་རླུང་ཁམས་ཆེ་མོའི་ཁོར་ཡུག་གནམ་གཤིས་ཀྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ཤིང་། སྤྱི་བསྒྲགས་ནང་2022ལོའི་རྒྱལ་ཡོངས་ཀྱི་རླུང་ཁམས་ཆེ་མོའི་ཁོར་ཡུག་དང་རླུང་ཁམས་ཆེ་མོའི་སྦགས་བཙོག་གནམ་གཤིས་ཀྱི་ཆ་རྐྱེན་བལྟོས་བཅས་ཀྱིས་2021ལོ་དང་ཉེ་བའི་ལོ་ལྔའི(2017ལོ་ནས་2021ལོ་བར)ཆ་སྙོམས་གནས་ཚུལ་གྱི་འགྱུར་ལྡོག་དང་བསྡུར་ནས་དབྱེ་ཞིབ་བྱས་ཡོད། སྤྱི་བསྒྲགས་ནང་མངོན་པར། 2022ལོའི་རྒྱལ་ཡོངས་ཀྱི་རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་ཡོད་པ་དང་། དུས་ཡུན་རིང་པོར་བལྟས་ན། རང་རྒྱལ་གྱི་རླུང་ཁམས་ཆེ་མོའི་ཁོར་ཡུག་སྤྱིའི་ཆ་ནས་ཇེ་ལེགས་སུ་འགྲོ་བའི་རྣམ་པ་མངོན་ཡོད་པ་རེད།
     སྤྱི་བསྒྲཌ་ནང་མངོན་པར། 2022ལོར་རྒྱལ་ཡོངས་སུ་ཆ་སྙོམས་སྨུག་རྡུལ་ཉིན་གྲངས་19.1ཟིན་པ་དེ་2021ལོ་དང་ཉེ་བའི་ལོ་ལྔའི་ཆ་སྙོམས་ལས་ཉིན་2.2དང་ཉིན་5.8སོ་སོར་ཉུང་དུ་ཕྱིན་ཡོད། ལོ་ཧྲིལ་པོར་ཐལ་རླུང་འཚུབ་པའི་གནམ་གཤིས་ཐེངས་10ཐོན་པའི་བརྒྱུད་རིམ་དེ་2021ལོ་ལས་ཐེངས་3ཉུང་བ་དང་ཉེ་བའི་ལོ་5ཡི་ཆ་སྙོམས་ལས་ཐེངས་2.2ཉུང་དུ་ཕྱིན་ཡོད། ཀྲུང་གོ་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྤྱི་ཁྱབ་ས་ཚིགས་ཀྱི་གྲངས་གཞིར་གཞིགས་ན། 2022ལོར་རྒྱལ་ཡོངས་ཀྱི་PM2.5ཡི་ཆ་སྙོམས་གར་ཚད་2021ལོ་ལས་3.3%ཆག་ཡོད་པ་རེད།