འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལྷ་གྲུ་ཨང་བཅོ་ལྔ་པའི་མི་བཞུགས་འཕུར་གྲུ་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་ཕུང་པོ་ནས་བདེ་བླག་ངང་ཕྱིར་འཐེན་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་05ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་3ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། པེ་ཅིང་གི་དུས་ཚོད་ཟླ་6ཚེས་3ཉིན་གྱི་ཆུ་ཚོད་21དང་སྐར་མ་29ཡི་ཐོག་ལྷ་གྲུ་ཨང་བཅོ་ལྔ་པའི་མི་བཞུགས་འཕུར་གྲུ་དང་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་ཕུང་པོ་བདེ་བླག་ངང་ཁ་བྲལ་ཞིང་། ཁ་བྲལ་ཁར་ལྷ་གྲུ་ཨང་བཅོ་ལྔ་པའི་འཇིག་རྟེན་འཕུར་སྐྱོད་པའི་མཁའ་སྐྱོད་ཚོ་ཆུང་གི་ས་ངོས་སུ་ཡོད་པའི་མི་སྣའི་གཞོགས་འདེགས་འོག་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་ཕུང་པོའི་ཆ་བྱད་བཀོད་སྒྲིག་དང་། ཚོད་ལྟའི་གྲངས་གཞི་ལེགས་སྒྲིག་བརྒྱུད་སྤྲོད། འཁོར་ལམ་གྱི་དངོས་ཟོག་གཙང་བཤེར་དང་བརྒྱུད་འདྲེན་སོགས་ཕྱིར་འཐེན་མ་བྱས་གོང་གི་ལས་དོན་ཁག་ལེགས་གྲུབ་བྱུང་ནས་ལྷ་གྲུ་ཨང་བཅུ་དྲུག་པའི་མཁའ་སྐྱོད་ཚོ་ཆུང་དང་ལས་དོན་རྩིས་སྤྲོད་རྩིས་ལེན་བྱས་པ་རེད།
     དེ་རྗེས་ལྷ་གྲུ་ཨང་བཅོ་ལྔ་པའི་མི་བཞུགས་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་སྐབས་བསྟུན་ངང་སླར་ཡང་ཕྱིར་ལོག་ནས་ཀྲུང་གོའི་བར་སྣང་ས་ཚིགས་སུ་བསྐྱོད་དེ་ཉིན་186སོང་བའི་འཇིག་རྟེན་འཕུར་སྐྱོད་པ་ཧྥེ་ཅུན་ལུང་དང་། ཏེང་ཆིང་མིང་། ཀྲང་ལུའུ་བཅས་ཁྱིམ་དུ་ལོག་པའི་ལམ་བུར་ཞུགས་པ་རེད།