འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཨའོ་ལི་ས་མངའ་སྡེའི་མེ་འཁོར་འཁོར་ལམ་ལས་བྲལ་ནས་རྡུང་ཁ་ཤོར་བའི་ལས་འཛོལ་ཐད་རྒྱ་གར་གྱི་ཙུང་ཐུང་
མུར་མུ་དང་ཙུང་ལི་མོ་ཏིར་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་05ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཨའོ་ལི་ས་མངའ་སྡེའི་མེ་འཁོར་འཁོར་ལམ་ལས་བྲལ་ནས་རྡུང་ཁ་ཤོར་བའི་ལས་འཛོལ་ཐད་རྒྱ་གར་གྱི་ཙུང་ཐུང་མུར་མུ་དང་ཙུང་ལི་མོ་ཏིར་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ། ལི་ཆང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏིར་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་3ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཨའོ་ལི་ས་མངའ་སྡེའི་མེ་འཁོར་འཁོར་ལམ་ལས་བྲལ་ནས་རྡུང་ཁ་ཤོར་བའི་ལས་འཛོལ་ནང་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བར་རྒྱ་གར་གྱི་ཙུང་ཐུང་མུར་མུ་དང་ཙུང་ལི་མོ་ཏིར་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
     ཞི་ཅིན་ཕིང་གིས་ཁྱེད་ཚོའི་རྒྱལ་ཁབ་ཀྱི་ཨའོ་ལི་ས་མངའ་སྡེར་མེ་འཁོར་འཁོར་ལམ་ལས་བྲལ་ནས་རྡུང་ཁ་ཤོར་བའི་ལས་འཛོལ་ཐོན་ཏེ། མི་སྣ་ཤི་རྨས་ཚབས་ཆེན་བྱུང་བའི་གཏམ་ངན་གློ་བུར་དུ་གོ་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཟབ་མོ་ཞུ་རྒྱུ་དང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མི་དང་རྨས་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ལ། རྨས་མ་གང་མགྱོགས་དྲག་སྐྱེད་ཡོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།
     དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མོ་ཏིར་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།