འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2023ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ལ་མིང་ཐོ་འགོད་མཁན་མི་གྲངས་ཁྲི་1291ཟིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་03ཉིན། 23:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། 2023ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ལ་མིང་ཐོ་འགོད་མཁན་མི་གྲངས་ཁྲི་1291ཟིན་པ་དེ་ན་ནིང་ལས་མི་ཁྲི་98མང་དུ་ཕྱིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་ཡོད། སློབ་གསོ་པུས་རྒྱལ་ཁབ་སློབ་གསོའི་གཅིག་གྱུར་ཡིག་རྒྱུགས་ལས་དོན་གྱི་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་ཁོངས་མིའི་ཚན་པ་དང་མཉམ་དུ་གཅིག་འདོམས་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། ས་གནས་ཁག་ལ་ཡིག་རྒྱུགས་སྒྲིག་འཛུགས་དང་རྒྱུགས་སྤྲོད་སློབ་མའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ནས“དུས་བདེའི་མཐོ་རྒྱུགས”ཀྱི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་ཡོང་བར་མཛུབ་ཁྲིད་བྱས་པ་རེད།
     ཡིག་རྒྱུགས་རྐུ་བཤུ་བྱེད་རིགས་ལ་རྡུང་རྡེག་ཚ་ནན་གཏོང་ཆེད། སློབ་གསོ་པུས་སྤྱི་བདེ་པུའུ་དང་བཟོ་འཕྲིན་པུའུ་སོགས་སྡེ་ཚན་དང་མཉམ་དུ་རྐུ་བཤུའི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་ནས་ལག་ཐོགས་ཁ་པར་སྤྱད་ནས་རྐུ་བཤུའི་བྱེད་སྤྱོད་སྤེལ་རིགས་ལ་རྡུང་རྡེག་གཏོང་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ། ཐབས་མང་མཉམ་སྤྱོད་དང་ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་བྱས་ནས་ས་གནས་ཁག་ལ་མི་རྒྱུ་དངོས་གསུམ་ལ་བརྟེན་ནས་འགོག་ཟོན་གྱི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱུགས་རར་འཛུལ་བའི་ཞིབ་བཤེར་ཚད་ལྡན་དུ་གཏོང་བ། རྒྱུགས་སྤྲོད་ལྟ་ཞིབ་དང་སྐོར་སྐྱོད་རྒྱུགས་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ལག་ཐོགས་ཁ་པར་སོགས་འཕྲིན་གཏོང་ཡོ་ཆས་སྤྱད་ནས་རྐུ་བཤུའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བར་མཛུབ་ཁྲིད་བྱ་རྒྱུ་རེད། མཐོ་རྒྱུགས་ནང་རྐུ་བཤུའི་བྱེད་སྤྱོད་ཡོད་པའི་རྒྱུགས་སྤྲོད་སློབ་མ་དང་མི་སྣར་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོ་བྱས་ནས་མཐོ་རྒྱུགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་རེད།
     རྒྱུགས་སྤྲོད་སློབ་མའི་ཞབས་ཞུ་འགན་ལེན་བྱེད་ལེགས་སུ་གཏོང་ཆེད། སློབ་གསོ་པུས་ཀྲུང་གོ་གནམ་གཤིས་ཅུས་སོགས་སྡེ་ཚན་དང་མཉམ་དུ་མཐོ་རྒྱུགས་གཏོང་རིང་དམིགས་བསལ་གྱི་གནམ་ངན་དང་རང་བྱུང་གནོད་འཚེ་སོགས་ཀྱི་ཆ་འཕྲིན་ལ་དབྱེ་ཞིབ་ནན་པོ་བྱས་ནས། ས་གནས་ཁག་ལ་སྔོན་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུར་མཛུབ་ཁྲིད་བྱས་ཏེ་ཐོལ་བྱུང་དོན་རྐྱེན་ལ་དུས་ཐོག་དང་ནུས་ལྡན་ངང་ཁ་གཏད་གཅོག་པའི་འགན་ལེན་བྱས་པ་རེད།
     གཞན་ཡང་། སློབ་གསོ་པུས་ཡིག་རྒྱུགས་དང་འབྲེལ་བའི་གསོ་སྦྱོང་སྒྲིག་གཞིའི་བྱེད་སྤྱོད་ཚད་ལྡན་དུ་བཏང་ནས་ས་གནས་ཁག་ལ་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་ཇུས་གཞི་བཟོ་རྒྱུར་མཛུབ་ཁྲིད་བྱས་ཏེ། སློབ་ཕྱིའི་ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་སློབ་གསོ་གསོ་སྦྱོང་སྒྲིག་གཞིའི་མཐོ་རྒྱུགས་དང་འབྲེལ་བ་ཡོད་པའི་བྱེད་སྤྱོད་ཚད་ལྡན་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། དྲིལ་བསྒྲགས་རྫུས་མ་དང་། བློ་འདྲིའི་གྲོན་དངུལ་མཐོ་པོ་བསྡུ་བ། སྒྲིག་འགལ་ངང་གསོ་སྦྱོང་ཞབས་འདེགས་ཞུ་བ། ཁ་བསླུས་སམ་ཡང་ན་རྐུ་བཤུ་བྱེད་དུ་བཅུག་པ། ཡིག་རྒྱུགས་དང་སློབ་མ་བསྡུ་བའི་སྒྲིག་ལམ་དཀྲུག་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས། སྤྱོད་གཙང་གཞུང་དྲང་གི་དྲ་རྒྱའི་གླེང་ཕྱོགས་ཀྱི་ཁོར་ཡུག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།
     (པ་ཚེ་དང་བསོད་ནམས་དཔའ་མོས་སྒྱུར་ཞུས་བྱས)