འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཡོངས་སུ་ལོ་ཆུང་གདོང་ལེན་རུ་མི་ཁྲི་11467.1ཡོད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་03ཉིན། 23:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་རྒྱལ་ཡོངས་ལས་དོན་ཨུ་ལྷན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2022ལོའི་ཟླ་12ཚེས་31ཉིན་བར་རྒྱལ་ཡོངས་སུ་ལོ་ཆུང་གདོང་ལེན་རུ་མི་ཁྲི་11467.1ཡོད་པ་རེད།
     རྒྱལ་ཡོངས་སུ་གཞི་རིམ་གྱི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ཨུ་ལྷན་ཁྲི་26.1ཡོད་པའི་ནང་། སློབ་གྲྭ་འབྲིང་ཆུང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ཨུ་ལྷན་ཁྲི་20.0དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དང་གཞོན་ནུ་ལོ་ཆུང་གི་ཕོ་བྲང་སོགས་སློབ་ཕྱིའི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ཨུ་ལྷན་ཁྲི་6.1 རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་ཆེན་ཁྲི་20.1དང་རུ་འབྲིང་ཁྲི་287.4བཅས་ཡོད་པ་རེད།
     རྒྱལ་ཡོངས་སུ་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་ཁྲི་623.3ཡོད། དེའི་ནང་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་སྤྱི་ཁྱབ་ཟུར་ཁྲིད་པ་ཁྲི་0.4ཡོད་པ་དང་། སློབ་གྲྭ་འབྲིང་ཆུང་གི་རུ་ཆེན་ཟུར་ཁྲིད་པ་ཁྲི་20.1དང་རུ་འབྲིང་ཟུར་ཁྲིད་པ་ཁྲི་293.1 ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱིའི་ཟུར་ཁྲིད་པ་ཁྲི་309.7བཅས་ཡོད་པ་རེད།