འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་ཁང་སྒོ་ཕྱེ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་02ཉིན། 11:45】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཁང་ཟླ་5ཚེས་27ཉིན་དངོས་སུ་སྒོ་ཕྱེ་ཞིང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་བརྗོད་དོན་གཙོ་བོར་བྱས་པའི་རང་བྱུང་རིགས་ཀྱི་ཚན་རིག་ཁྱབ་གདལ་ཁང་ཐོག་མ་དེ་རེད།
     མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་སེམས་ཉིད་ཤང་མཆོད་ཐང་གྲོང་ཚོར་གནས་པའི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཁང་དེར་ཁྱོན་མ་དངུལ་སྒོར་ཁྲི་3000བཏང་བ་དང་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་2060ཟིན་པ་དང་འགྲེམས་ཁང་གི་རྒྱ་ཁྱོན་ལ་སྨི་ངོས་གྲུ་1650ཙམ་ཟིན་གྱི་ཡོད་པ་རེད། འགྲེམས་ཁང་གི་ཕྱི་ངོས་ནི་བང་རིམ་མང་པོ་ཆགས་པའི་མདོ་ལ་རིང་མོའི་རི་རྒྱུད་དང་འདྲ་པོ་ཡོད་ཅིང་། དེ་ལས་མདོ་ལ་རིང་མོའི་བརྗིད་ཆགས་དང་མཛེས་སྡུག་མངོན་གྱི་ཡོད་པ་རེད།