འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱི་ཕྱི་ནང་ཚོང་དོན་མགྱོགས་མྱུར་འཕར་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་02ཉིན། 11:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་དུ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པར། འདི་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ནང་འདྲེན་ཐད་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཐོན་ནས་ཕྱི་ཕྱོགས་ཚོང་དོན་གྱི་ནང་གནས་སྒུལ་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད། ཟླ་དང་པོ་ནས་བཞི་པའི་བར་ཞིང་ཆེན་ཡོངས་ཀྱིས་ཕྱིར་གཏོང་ནང་འདྲེན་བྱེད་འབོར་སྒོར་དུང་ཕྱུར་16.8ཟིན་པ་དུས་མཚུངས་ལས་29.8%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་བདུན་པར་སླེབས་ཡོད་པ་ལས། ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་67.6%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་བཞི་པར་སླེབས་ཡོད་པ་རེད། ལྷག་པར་དུ་ཟླ་4པར་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་བསྡོམས་འབོར་དུས་མཚུངས་ལས་156.9%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།