འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་པེ་ཅིང་ཡུས་དབྱིང་སློབ་གྲྭར་རྟོག་ཞིབ་གནང་།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་02ཉིན། 11:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་5ཚེས་31ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་ཡུས་དབྱིང་སློབ་གྲྭའི་དགེ་སློབ་ལ་འཚམས་འདྲི་གནང་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པར“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སྤྲོ་པོ་ཡོང་བའི་རྟེན་འབྲེལ་ཞུས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་སློབ་མའི་ཞིང་རར་ཞིང་ལས་འདེབས་འཛུགས་ལག་ལེན་བྱེད་བཞིན་པའི་སློབ་ཆུང་སློབ་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།
ཟླ་5ཚེས་31ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་ཡུས་དབྱིང་སློབ་གྲྭའི་དགེ་སློབ་ལ་འཚམས་འདྲི་གནང་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པར“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སྤྲོ་པོ་ཡོང་བའི་རྟེན་འབྲེལ་ཞུས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་སློབ་མའི་ཞིང་རར་ཞིང་ལས་འདེབས་འཛུགས་ལག་ལེན་བྱེད་བཞིན་པའི་སློབ་ཆུང་སློབ་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།
     ཞི་ཅིན་ཕིང་གིས་པེ་ཅིང་ཡུས་དབྱིང་སློབ་གྲྭར་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ཡར་རྒྱས་ཀྱི་དུས་རབས་གསར་པའི་བྱིས་པ་ཡག་པོ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱེད་དགོས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པར“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སྤྲོ་པོ་ཡོང་བའི་རྟེན་འབྲེལ་ཞུས་པ། ཚའེ་ཆི་དང་ཏིང་ཞུའེ་ཞང་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེའི་མཚམས་སུ། ཟླ་5ཚེས་31ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་ཡུས་དབྱིང་སློབ་གྲྭར་ཕེབས་ནས་དགེ་སློབ་ལ་འཚམས་འདྲི་གནང་བ་མ་ཟད། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པར་དུས་ཆེན་གྱི་རྟེན་འབྲེལ་ཡང་ཞུས་པ་རེད། ཞི་ཅིན་ཕིང་གིས་ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་རེ་རེད། དུས་རབས་གསར་པའི་ཀྲུང་གོའི་བྱིས་པ་ནི་ཕུགས་འདུན་དང་ཕུགས་བསམ་ལྡན་ཞིང་། སློབ་སྦྱོང་དང་ངལ་རྩོལ་ལ་དགའ་ཞེན་དང་། དྲིན་ཚོར་དང་མཛའ་མཐུན་ཤེས་པ། གསར་གཏོད་དང་འབད་འཐབ་བྱེད་ཕོད་པ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ཡར་རྒྱས་ཀྱི་བྱིས་པ་ཡག་པོ་ཞིག་ཡིན་དགོས། སློབ་གྲོགས་ཚོས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་སློབ་སྦྱོང་ལ་འབད་བརྩོན་བྱེད་པའི་ཆོད་སེམས་བརྟན་པོ་བཙུགས་ཏེ། ཁྱིམ་བདག་གི་རེ་བ་དང་ཏང་དང་མི་དམངས་ཀྱི་རེ་སྒུག་ཆུད་ཟོས་སུ་མི་གཏོང་བའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་སློབ་གྲྭར་ཕེབས་མ་ཐག་སློབ་གྲྭའི་ལོ་རྒྱུས་ཁང་དུ་ཕེབས་ཏེ་སློབ་གྲྭའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་། འཛུགས་སྐྲུན་དང་འཕེལ་རྒྱས། ཉེ་བའི་ལོ་ཤས་རིང་སློབ་གསོ་སློབ་ཁྲིད་ཀྱི་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད། “གཉིས་ཡང”སྲིད་ཇུས་ཀྱི་བླང་བྱ་དོན་འཁྱོལ། སློབ་མའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཞི་ཅིན་ཕིང་གིས་སློབ་གསོའི་རྩ་བའི་ལས་འགན་ནི་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ངལ་རྩོལ་བཅས་ཕྱོགས་ཡོངས་ཡར་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཞིག་གསོ་སྐྱོང་བྱེད་རྒྱུ་དེ་རེད། སློབ་མའི་ཕུགས་བསམ་དད་སེམས་དང་། ཀུན་སྤྱོད་གཤིས་རྒྱུད། ཤེས་ཡོན་རིག་སྟོབས། ལུས་སེམས་ཀྱི་བྱང་ཚད་སོགས་གང་ས་ཅི་ཐད་ཀྱི་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། “གཉིས་ཡང”སྲིད་ཇུས་དོན་འཁྱོལ་གནད་སྨིན་བྱེད་པར་བརྒྱུད་རིམ་ཞིག་དགོས་པས་སྙིང་རུས་གཏན་འཁྱོངས་བྱེད་དགོས། ཁྱིམ་བདག་དང་། སློབ་གྲྭ སྤྱི་ཚོགས་སོགས་ཕྱོགས་ཚང་མའི་ངོས་འཛིན་ཟབ་ཏུ་འགྲོ་བར་ཁྲིད་སྟོན་བྱས་ཏེ“གཉིས་ཡང”ལས་ཀའི་བླང་བྱ་དོན་འཁྱོལ་ཡག་པོ་ཡོང་བར་སྐུལ་འདེད་བཏང་ནས་སློབ་མ་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཡུས་དབྱིང་སློབ་གྲྭར་གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་དང་མངོན་གསལ་དོད་པའི་གསར་བརྗེའི་ས་བོན་ཡོད། གསར་བརྗེའི་སྲོལ་རྒྱུན་སློབ་གསོར་ཤུགས་སྣོན་རྒྱག་པར་ཡུས་དབྱིང་སློབ་གྲྭའི་སློབ་མ་ཚང་མས་སློབ་གྲྭའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་ཏང་གི་ཐུགས་ཁུར་བློ་ལ་བརྟན་པོར་ངེས་ནས་གསར་བརྗེའི་སྲོལ་རྒྱུན་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ཐོག་ཆུང་དུས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ་ཏང་གི་ཆེད་ཤེས་ལྡན་པར་འགྱུར་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་བའི་འདུན་པ་འཆང་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཞབས་ཐང་མར་སློབ་གྲྭའི་ཁོར་ཡུག་ལ་གཟིགས་ཞིབ་གནང་ཞིང་། ལན་ཆིའུ་སྤོ་ལོའི་ཐང་དུ་སློབ་མ་ཚོས་ལན་ཆིའུ་སྤོ་ལོ་དང་ཐག་མཆོང་རྒྱག་བཞིན་ལུས་རྩལ་སློབ་ཚན་འཚོག་བཞིན་ཡོད། ཞི་ཅིན་ཕིང་གིས་མིའི་བདེ་ཐང་བྱང་ཚད་གོང་མཐོར་གཏོང་བར་གཞོན་ནུ་ལོ་ཆུང་ནི་ལོ་ཚོད་ཡག་ཤོས་རེད། དུས་མཚམས་དེར་གཟུགས་པོ་འཚར་ལོངས་ཡོང་བར་བྱེད་རྒྱུ་ནི་ཨང་དང་པོ་ཡིན་པ་དང་གཟུགས་གཞི་བདེ་ཐང་བྱུང་ཚེ་འབྱུང་འགྱུར་གྱི་སློབ་སྦྱོང་དང་ལས་ཀར་རྨང་གཞི་ཡག་པོ་ཞིག་འདིང་ཐུབ། ལུས་རྩལ་སྦྱོང་བརྡར་ནི་ལོ་ཆུང་བྱིས་པའི་གཟུགས་གཞི་ཐང་དུ་གཏོང་བའི་བྱེད་ཐབས་ཡག་ཤོས་ཡིན་པ་དང་། ད་ཆ་འཚོ་བའི་ཆ་རྐྱེན་ལེགས་སུ་སོང་བས་ཕྲུ་གུ་ཚོ་ཤ་རྒྱགས་པ་ཆགས་པ་བྱེད་རྒྱུ་དེ་གཙོ་བོ་མིན་པར་གཟུགས་པོ་ཐང་པོ་ཡོང་བ་བྱེད་རྒྱུ་དེ་རེད། ལུས་རྩལ་སྦྱོང་བརྡར་ཆུང་དུས་ནས་འགོ་འཛུགས་དགོས་པ་དང་། སྦྱོང་བརྡར་མང་ཙམ་བྱས་ཚེ“ཕྲུ་གུ་རྒྱགས་རིལ”དང“མིག་ཤེལ་ལན་པར”ཉུང་དུ་འགྲོ་སྲིད། སློབ་གྲྭས་ལུས་རྩལ་དགེ་རྒན་བཀོད་སྒྲིག་ཡག་པོ་བྱེད་དགོས་པ་དང་། ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་སོགས་ཕྱོགས་གང་ས་ཅི་ཐད་ནས་ལོ་ཆུང་བྱིས་པའི་གཟུགས་གཞི་བདེ་ཐང་ཆེད་ཆ་རྐྱེན་སྐྲུན་དགོས་ཞེས་གསུངས་པ་རེད།
     དེ་རྗེས་ཞི་ཅིན་ཕིང་སློབ་མའི་ཞིང་རར་ཕེབས་ཤིང་། དེ་ནི་སློབ་མས་ཞིང་ལས་འདེབས་འཛུགས་བྱེད་སྒོ་སྤེལ་བའི་ལག་ལེན་བྱ་ཡུལ་ཞིག་ཡིན་པ་དང་། ཁྲི་གདུགས་ཉི་མའི་འོད་ཟེར་རབ་ཏུ་འཕྲོ་བའི་ཞིང་ནང་དུ་སྔོ་ཐིང་ཐིང་གི་ལྗང་པ་གྲལ་སྟར་བསྒྲིགས་ནས་བཙུགས་ཡོད་པས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར། ཕྲུ་གུ་ཚོས་ཆུ་ཟོམ་དང་། སྦྱག་མ། བྲད་ཤད་སོགས་ཁྱེར་ནས་ཀྲོ་མ་ཀྲུ་དང་ཧོང་ཀྭ་སོགས་ལ་ཆུ་རྒྱག་པ་དང་། ས་སོབ་སོབ་བཟོ་བ། རྩྭ་ངན་འཐུ་བ། ཟེའུ་འབྲུ་ཕོ་མོ་སྡེབ་སྦྱོར་བཅས་བྱེད་བཞིན་ཡོད། ཞི་ཅིན་ཕིང་གིས་ཤེས་བྱ་དང་གནས་ལུགས་མང་པོ་ཞིག་ངལ་རྩོལ་དང་འཚོ་བའི་ཁྲོད་ནས་ཤེས་རྟོགས་བྱུང་བ་ཞིག་རེད། ཕྲུ་གུ་ཚོར་ཆུང་དུས་ནས་ངལ་རྩོལ་གྱི་འདུ་ཤེས་འཛུགས་པ་དང་། ངལ་རྩོལ་གྱི་གོམས་གཤིས་འཇགས་པར་བྱེད་པ། ངལ་རྩོལ་གྱི་ནུས་པ་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ཚེ་ཁོང་ཚོས་དེ་བས་ལེགས་པའི་སྒོ་ནས་ཤེས་ཡོན་སྦྱོང་བར་ཕན་ཐོགས་ཡོད། ད་ཆ་གྲོང་ཁྱེར་ཁག་གཅིག་གི་ཕྲུ་གུ་གྲོང་གསེབ་དང་འབྲེལ་གཏུག་དང་རང་བྱུང་ཁམས་ཆེན་པོ་དང་འབྲེལ་གཏུག་བྱེད་ཉུང་བས་ཞིང་ལས་ངལ་རྩོལ་བྱེད་ཉུང་བ་མ་ཟད། འབྲུ་རིགས་སྣ་ལྔ་དབྱེ་འབྱེད་མི་ཐུབ་པ་དང་། བཟའ་རིགས་གང་ཞིག་ཟ་བ་དང་། གང་ནས་བྱུང་བ། ཇི་ལྟར་བྱུང་བ་སོགས་གང་ཡང་ཤེས་ཀྱི་མེད་ལ། “སྡེར་མའི་ནང་གི་འབྲུ་རྡོག་རེ་རེ་དག དཀའ་བ་སྤྱད་པ་ལས་བྱུང་བ་སུ་ཡིས་ཤེས”ཞེས་པ་དེ་བས་མྱོང་ཚོར་ཐུབ་མི་སྲིད། ཁོང་གིས་སློབ་གྲོགས་ཚོར་རང་བྱུང་ཁམས་ངོས་འཛིན་བྱེད་པར་དང་ཐོག་ཉེ་འགྲམ་གྱི་རྩི་ཤིང་ངོས་འཛིན་བྱེད་ཤེས་པ་ནས་འགོ་འཛུགས་དགོས་ཞེས་གསུངས་པ་རེད། སློབ་གྲོགས་ཚོས་བཏབ་པའི་རྩི་ཤིང་སྣ་ཚོགས་དཔེ་དེབ་ཐོག་ངོ་སྤྲོད་བྱས་ཡོད་མོད། འོན་ཀྱང་ཚང་མས་དངོས་སུ་བཏབ་པ་དང་། རང་ཉིད་ངོ་མས་གཡོག་བྱེད། རྗེས་སྙེག་ལྟ་ཞིབ་བཅས་བྱས་ཚེ་གྲུབ་འབྲས་ཐོབ་ཚོར་ཡང་ཐུན་མོང་མ་ཡིན་པ་ཞིག་ཡོང་སྲིད། ཁོང་གིས་སློབ་གྲོགས་ཚོས་ཞིང་ལས་སྦྱོང་བའི་ཁྲོད་ནས་ཞིང་ལས་ཀྱི་དཀའ་ཚེགས་དང་ཞིང་པ་ལས་སླ་པོ་མེད་པ་མྱོང་ཚོར་ཐུབ་པར་བྱས་ཏེ། ཆུང་དུས་ནས་ངལ་རྩོལ་ལ་དགའ་ཞེན་དང་། འབྲུ་རིགས་ལ་གཅེས་སྤྲས། རང་བྱུང་ཁམས་ལ་བརྩི་འཇོག་བཅས་ཀྱི་གོམས་གཤིས་བཟང་པོ་འཇགས་པར་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་འབུལ་དགོས། དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་དེ་ཕྲུ་གུ་ནས་དམ་འཛིན་བྱེད་དགོས་པ་དང་། གསོན་ཤུགས་ཀྱིས་ཁེངས་ཤིང་སྤྲོ་སྣང་ལྡན་པའི་ངལ་རྩོལ་ཉམས་ལེན་སློབ་ཚན་འཚོགས་ཏེ། ཕྲུ་གུ་རང་ཉིད་ཀྱིས་ལག་པ་འགུལ་བ་དང་། རང་ཉིད་ཀྱིས་ཉམས་ལེན་བྱེད་པ། རང་ཉིད་ཀྱིས་གོ་རྟོགས་སད་པ་བཅས་ཡོང་བ་དང“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་སྔ་ས་ནས་ཕྲུ་གུའི་སེམས་སུ་ཟུག་པ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
     སློབ་གྲྭའི་སྒྱུ་རྩལ་ཐོག་ཁང་གི་ཐོག་སོ་གཉིས་པའི་ཚན་རིག་སློབ་ཁང་ནས་དགོད་སྒྲ་ལྷང་ལྷང་གྲགས་པ་དང་། ཞི་ཅིན་ཕིང་སློབ་ཁང་དུ་ཕེབས་སྐབས་དགེ་སློབ་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་ཁོང་ཚོས་སྦྱངས་པའི་དྲང་ཐིག་འགུལ་སྐྱོད་དང་། འཁྱོག་ཐིག་འགུལ་སྐྱོད། གསེག་ངོས་འགུལ་སྐྱོད་སོགས་ཀྱི་ཤེས་བྱ་སྤྱད་དེ་ཤིང་དུམ་རྩེད་ཆས་ཀྱིས་རི་བརྒལ་འཁོར་ལོའི་དཔེ་དབྱིབས་བཟོས་ཏེ་ཚོད་ལྟ་བྱེད་བཞིན་ཡོད། ཞི་ཅིན་ཕིང་གིས་ཚན་རིག་ཚོད་ལྟའི་སློབ་ཚན་ནི་ཕྲུ་གུ་ཚོའི་ཚན་རིག་དང་མཐུན་པའི་བསམ་གཞིག་གསོ་སྐྱོང་དང་། གསར་གཏོད་འདུ་ཤེས་འཚོལ་ཞིབ་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་རེད་ཅེས་གསུངས་པ་དང་། ཁོང་གིས་སློབ་གྲོགས་ཚོས་ཆུང་དུས་ནས“ཚན་རྩལ་གསར་གཏོད་དང་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་ང་ཡིས་འབད”ཅེས་པའི་འདུན་པ་བཅངས་ཏེ། དེང་གི་ཆར་ཚན་རིག་མཁས་ཅན་ཆུང་ཆུང་ཞིག་བྱེད་ཕོད་པ་དང་། མ་འོངས་པར་ཚན་རིག་མཁས་ཅན་ཆེན་པོ་ཞིག་བྱེད་པའི་བརྩོན་ལེན་བྱས་ཏེ་རང་རྒྱལ་གྱི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཡོང་བར་ལེགས་སྐྱེས་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།
     དེ་རྗེས་ཞི་ཅིན་ཕིང་ལོ་རིམ་ལྔ་པའི་དགེ་རྒན་གྱི་གཞུང་དོན་ཁང་དུ་ཕེབས་ནས་སློབ་ཚན་གྲ་སྒྲིག་གི་བགྲོ་གླེང་བྱེད་བཞིན་པའི་དགེ་རྒན་ཚོར་གཟིགས་པ་དང་། སློབ་ཚན་གྲོལ་རྗེས་ཞབས་ཞུའི་སློབ་ཚན་གྱི་གྲུབ་ཆ་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད། ཁོང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་མ་ལག་ཡག་པོ་ཡོད་པ་དང་། རང་རྒྱལ་གྱི་རྨང་གཞིའི་སློབ་གསོར་འཛམ་གླིང་ཐོག་ལེགས་ཆ་ལྡན་ཡོད། རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་སྟེ་རང་ངོས་ཀྱི་ལེགས་ཆ་མཐའ་འཁྱོངས་ཡག་པོ་དང་ཕྱི་རྒྱལ་གྱི་ལེགས་ཆ་དཔྱད་གཞིར་འཛིན་ནས་དུས་བསྟུན་འཕེལ་རྒྱས་དང་སྒོ་དབྱེ་འཕེལ་རྒྱས་བཏང་སྟེ། ཕྲུ་གུ་ཚོའི་མིག་རྒྱང་དེ་བས་ཡངས་པ་དང་། བསམ་ཕྱོགས་དེ་བས་རྒྱ་ཆེ་བ། འདུ་ཤེས་དེ་བས་སྒོ་དབྱེ་བཅས་ཡོང་བར་བྱས་ཐོག་མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་འཁུར་ཐུབ་པ་དང་འཛམ་གླིང་གི་ངོ་མཚར་གཏོད་ཕོད་པའི་རྒྱལ་ཁབ་ཀྱི་རྐང་འཛིན་གསོ་སྐྱོང་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་འགག་རྩ་ནི་དགེ་རྒན་ལ་ཐུག་ཡོད། རྒྱ་ཆེའི་དགེ་རྒན་ཚོས་ཏང་གི་ཆེད་དུ་མི་སྣ་སྐྱོང་བ་དང་རྒྱལ་ཁབ་ཆེད་དུ་འཇོན་ཐང་ཅན་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་མི་དམངས་ཀྱི་སློབ་གསོ་མཁས་ཅན་མིག་དཔེར་བཟུང་ནས་སྤྱོད་བཟང་ལ་བརྟེན་ནས་རང་ཚུགས་ཐུབ་པ་དང་། སྤྱོད་བཟང་ལ་བརྟེན་ནས་སློབ་གཉེར། སྤྱོད་བཟང་ལ་བརྟེན་ནས་སློབ་ཁྲིད་བཅས་བྱེད་དགོས། སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་བརྩི་འཇོག་དང་སློབ་གསོར་མཐོང་ཆེན་བྱེད་པའི་དར་སྲོལ་བཟང་པོ་ཞིག་བཏོད་ནས་དགེ་རྒན་རྣམས་སྤྱི་ཚོགས་ཐོག་བརྩི་འཇོག་ཆེ་ཤོས་ཐོབ་པ་དང་ཀུན་གྱིས་ཡིད་སྨོན་ཆེ་ཤོས་བྱེད་པའི་ལས་རིགས་ཤིག་ཏུ་འགྱུར་བར་བྱས་ཏེ། ཕུལ་བྱུང་གི་ཤེས་ལྡན་པ་ཚོས་སློབ་གསོའི་ལས་ལ་ཧུར་ཐག་ཞུགས་པ་དང་ཕུལ་བྱུང་དགེ་རྒན་ཟམ་མི་ཆད་པར་ཐོན་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་ཆགས་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     སློབ་གྲྭའི་ཐང་ཆེན་ཆུང་ངུར་དགེ་སློབ་ཚོས་སྤྲོ་སེམས་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས། ཞི་ཅིན་ཕིང་གིས་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་དང་སྐྱོན་བྲལ་ངང་ཤེས་ལྡན་པར་འགྱུར་བའི་སྨོན་འདུན་ཞུས་པ་དང་འབྲེལ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོར“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སྤྲོ་པོ་ཡོང་བའི་རྟེན་འབྲེལ་ཡང་ཞུས་པ་རེད། ཁོང་གིས་དེ་རིང་ང་ཆེད་མངགས་པེ་ཅིང་ཡུས་དབྱིང་སློབ་གྲྭར་ཡོང་ནས། གྲོགས་པོ་ཆུང་ཆུང་ཚོར“དྲུག་གཅིག”བྱིས་པའི་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་ཡིན། ལྷད་མེད་གྲུང་ཤ་དོད་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སློབ་གྲོགས་ཚོ་མཐོང་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་། ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་དོ་ཁུར་བྱེད་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ཏེ། ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་དེ་བས་ལེགས་པའི་ཁོར་ཡུག་ཧུར་ཐག་བཏོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་ཡོད་པས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོར་འཚོ་བ་སྐྱེལ་མཁན་མི་རིགས་ཁག་གི་བྱིས་པ་རྣམས་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་ཡིན་པ་དང་། དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་སྤྱི་ཚོགས་ཕྱོགས་ཁག་གིས་བྱིས་པའི་བྱ་གཞག་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཕྲུ་གུ་དང་ལྷག་པར་དུ་དྭ་ཕྲུག་དང་དབང་སྐྱོན་བྱིས་པར་སེམས་ཁུར་དང་རོགས་རམ་བྱས་ནས། ཕྲུ་གུ་ཚང་མས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་བ་དང་ཚང་མས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བྱིས་དུས་ལེགས་སྤྱོད་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་སློབ་གྲོགས་ཚོར་ད་ཆའི་ལོ་ཆུང་བྱིས་པ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ཤུལ་འཛིན་པ་དང་འབྱུང་འགྱུར་གྱི་གཙོ་ཤུགས་དམག་ཅིག་རེད། དུས་རབས་འདིའི་དུས་དཀྱིལ་དུ་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ད་ཆ་ང་ཚོ་མི་རབས་འདིས་འབད་འཐབ་ཧུར་ཐག་བྱེད་པ་དང་། འབྱུང་འགྱུར་ཁྱེད་ཚོས་མུ་མཐུད་འབད་འཐབ་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་རྒྱ་ཆེའི་ཁྱིམ་བདག་རྣམས་གཟུགས་གཞི་བདེ་ཐང་དང་ཁྱིམ་ཚང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ་བ་དང་། རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་བླ་ན་མེད་པའི་ལས་གནས་སུ་བྱས་རྗེས་གསར་པ་འཇོག་པའི་སྨོན་འདུན་ཞུས་པ་རེད།
     དབྱི་ལི་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།
ཟླ་5ཚེས་31ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་ཡུས་དབྱིང་སློབ་གྲྭའི་དགེ་སློབ་ལ་འཚམས་འདྲི་གནང་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོར“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སྤྲོ་པོ་ཡོང་བར་རྟེན་འབྲེལ་ཞུས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཚན་རིག་སློབ་ཁང་དུ་སློབ་ཆུང་སློབ་མ་ཚོ་དང་བྱམས་བརྩེའི་སྤེལ་རེས་གནང་བཞིན་པ།
ཟླ་5ཚེས་31ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་ཡུས་དབྱིང་སློབ་གྲྭའི་དགེ་སློབ་ལ་འཚམས་འདྲི་གནང་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོར“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སྤྲོ་པོ་ཡོང་བར་རྟེན་འབྲེལ་ཞུས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཚན་རིག་སློབ་ཁང་དུ་སློབ་ཆུང་སློབ་མ་ཚོ་དང་བྱམས་བརྩེའི་སྤེལ་རེས་གནང་བཞིན་པ།