འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བྱིས་པའི་དུས་ཆེན་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རབ་ཏུ་བཞད།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་01ཉིན། 17:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཕྲུ་གུ་ཚོ་གནའ་བོའི་གོང་མའི་ཕོ་བྲང་དུ་སྐྱོད་བཞིན་པ། བསོད་ནམས་དབང་འདུས་ཀྱིས་པར་བླངས།
འདི་ནི་ཕྲུ་གུ་ཚོ་གནའ་བོའི་གོང་མའི་ཕོ་བྲང་དུ་སྐྱོད་བཞིན་པ། བསོད་ནམས་དབང་འདུས་ཀྱིས་པར་བླངས། 
   “གཙང་གསུམ་ཆུ་འགོ་ནས་• པེ་ཅིང་ལ་གཅེས་པ་དང་•ཀྲུང་གོའི་བསམ་པ་འཆང་བ་——མཚོ་སྔོན་ཡུལ་ཤུལ་བོད་རིགས་གཞོན་ནུ་ལོ་ཆུང་པེ་ཅིང་དུ་བསྐྱོད་”ཅེས་པ་དངོས་སུ་འགོ་ཚུགས། 
   མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་བྱིས་པའི་ཕན་བདེ་ཁང་གི་བོད་རིགས་གཞོན་ནུ་ལོ་ཆུང་40ཐམ་པ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡོད་པའི་ས་མཐོ་ “གཙང་གསུམ་ཆུ་འགོ་”ནས་རྒྱལ་ས་པེ་ཅིང་དུ་ཡོང་བ་དང་། “དྲུག་གཅིག་”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ། “གཙང་གསུམ་ཆུ་འགོ་ནས་·པེ་ཅིང་ལ་གཅེས་པ་དང་·ཀྲུང་གོའི་བསམ་པ་འཆང་བ་--མཚོ་སྔོན་ཡུལ་ཤུལ་གྱི་བོད་རིགས་གཞོན་ནུ་ལོ་ཆུང་པེ་ཅིང་དུ་བསྐྱོད་”ཅེས་པའི་སྤྱི་ཕན་བྱེད་སྒོ་དངོས་སུ་འགོ་ཚུགས་པ་རེད། བོད་རིགས་གཞོན་ནུ་ལོ་ཆུང་40ཐམ་པ་ཡིས་གཟབ་ཆས་སྤྲས་ནས།  དགེ་རྒན་གྱི་སྣེ་ཁྲིད་ཕེབས་རོགས་འོག་གནའ་བོའི་གོང་མའི་ཕོ་བྲང་དུ་ཡོང་བ་དང་། གནའ་བོའི་ཕྲོ་བྲང་གི་ལོ་རྒྱུས་འཕེལ་རིམ་དང་། བཟོ་བཀོད་ཀྱི་མཛེས་ཉམས་ལ་ཆ་རྒྱུས་བླངས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་མཛེས་སྡུག་ཉམས་སུ་མྱོང་བ་རེད། 
       ཕྱི་དྲོར། ཨོ་ལིན་ཕིག་ཁེ་སྤྱི་གླིང་གི་བྱ་ཚང་ར་བ་དང་ཆུ་ཤོ་དབྱིབས་ཅན་ཁང་དུ་ལྟ་སྐོར་ལ་བསྐྱོད་པ་དང་། 2008ལོར་ཨོ་རྩལ་འགྲན་ཚོགས་གཉེར་རྗེས། རྒྱལ་ཁབ་ལུས་རྩལ་ཁང་དེ་སླར་ཡང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ར་རུ་གྱུར་ཡོད། ཕྲུ་གུ་ཚོས་བྱ་ཚང་ལུས་རྩལ་ར་བ་དང་ཆུ་ཤོ་དབྱིབས་ཅན་ཁང་གི་མདུན་དུ་དྲན་རྟེན་གྱི་པར་བླངས་པ་དང་། དེ་རྗེས་རྒྱལ་ཁབ་ཟློས་གར་ཁང་ཆེ་མོར་བསྐྱོད་དེ་“ང་དང་མེས་རྒྱལ་མཉམ་དུ་འཚར་ལོངས་བྱུང་”ཞེས་པའི་བརྗོད་དོན་གཙོ་བོའི་འཁྲབ་སྟོན་ལ་བལྟས་པ་རེད།
【1】  【2】
འདི་ནི་འཕྲིན་ལས་སྒྲོལ་མ་དང་ཚེ་རིང་དབང་མོ་གཉིས་ཀྱིས་དགེ་རྒན་གྱི་གསལ་འགྲེལ་ཉན་བཞིན་པ། བསོད་ནམས་དབང་འདུས་ཀྱིས་པར་བླངས།
འདི་ནི་འཕྲིན་ལས་སྒྲོལ་མ་དང་ཚེ་རིང་དབང་མོ་གཉིས་ཀྱིས་དགེ་རྒན་གྱི་གསལ་འགྲེལ་ཉན་བཞིན་པ། བསོད་ནམས་དབང་འདུས་ཀྱིས་པར་བླངས།