འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱི་དངུལ་རྩའི་སྡེ་ཚན་གྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་
ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 06ཚེས་01ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཚོང་འཕྲིན་དུ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པར་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། རིག་གནས་ཡུལ་སྐོར་ལས་རིགས་སླར་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་ཡུལ་སྐོར་ལས་རིགས་ཀྱི་དངུལ་རྩའི་ཞབས་འདེགས་ལེགས་སུ་ཏན་ཏིག་གཏོང་བ། དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱ་ཆེད། གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་ཁྱད་ཆོས་ལ་དམིགས་ཏེ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས“དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”གྱི་ལས་སྟེགས་ལ་བརྟེན་ནས་ཡུལ་བབ་དང་བསྟུན་ཏེ་ཁྱད་ལྡན་ཡིད་རྟོན་དངུལ་བུན་ཐོན་རྫས་གསར་གཏོད་བྱས་པ་དང་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས། གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་གྱི་གསོན་ཤུགས་འཕེལ་བར་བྱས་པ་རེད།
   མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས། ཉེ་བའི་ལོ་ཤས་རིང་བོད་ཀྱི་ཁྱིམ་ཚང་མགྲོན་ཁང་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད་མོད། འོན་ཀྱང་གཏའ་འཇོག་ཁག་ཐེག་ནུས་ལྡན་མ་ཐུབ་པའི་གནད་དོན་ལ་དམིགས་ཏེ་བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཆེད་དོན་ཉེན་ཁའི་ཁ་གསབ་དངུལ་དང་། ཡུལ་སྐོར་གཙོ་གཉེར་སྡེ་ཚན་དང་དངུལ་ཁང་གཉིས་པོས་ཞིབ་བཤེར་བྱ་རྒྱུ་ཁྱད་ཆོས་སུ་བྱེད་པའི“བོད་ཀྱི་ཁྱིམ་ཚང་མགྲོན་ཁང་གི་དངུལ་བུན”ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱས་ནས་ཁྱད་ལྡན་ཡུལ་སྐོར་ཁྱིམ་ཚང་མགྲོན་ཁང་བསྐྱར་སྐྲུན་དང་རྒྱས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད། ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“གྲོང་གསེབ་དར་རྒྱས་གཏོང་བའི་ཁྱིམ་ཚང་མགྲོན་ཁང་གི་དངུལ་བུན”གསར་སྤེལ་བྱས་ནས“ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་གྲོང་ཚོའི་ཡུལ་སྐོར་ཁྱིམ་ཚང་མགྲོན་ཁང་གི་རྣམ་གྲངས”ལ་དངུལ་བུན་སྒོར་ཁྲི་800བཏང་བ་རེད། འདི་ལོའི་ཟླ་བཞི་པའི་ཟླ་མཇུག་བར“ཁྱོན་དུད་ཚང་20ལ་བོད་ཀྱི་ཁྱིམ་ཚང་མགྲོན་ཁང་གི་དངུལ་བུན”བཏང་བ་དང་བསྡོམས་དངུལ་བུན་སྒོར་ཁྲི་1495བཏང་བ་རེད།
    བོད་ཀྱི་ཞིང་དུད་ལ་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ཁུངས་གསར་སྤེལ་གྱི་རིག་གནས་ཡུལ་སྐོར་གཉེར་སྐྱོང་རྣམ་གྲངས་སྤྱོད་རྒྱུར་རོགས་རམ་བྱ་ཆེད། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ཞིང་ཕན་eདངུལ་བུན། གྲོང་གསེབ་ཡུལ་སྐོར་གྱི་དངུལ་བུན”གསར་གཏོད་བྱས་ཏེ“གཱ་བཞིའི”དངུལ་བུན་གཡར་མཁན་གྱི་ཆ་འཕྲིན་ལ་བརྟེན་ནས“གཱ་བཞི”དབང་མཁན་ཞིང་དུད་ལ་ཡིད་རྟོན་དངུལ་བུན་བཏང་སྟེ། ཞིང་དུད་ཀྱིས་ཉེ་འཁོར་མཛེས་ལྗོངས་ཁུལ་དང་། ཞིང་འབྲོག་ལས་ལ་ལྟ་སྐོར། སྤྲོ་གསེང་གླིང་ཁ་སོགས་ཁྱད་ལྡན་གྲོང་གསེབ་ཡུལ་སྐོར་གྱི་རྣམ་གྲངས་གསར་སྤེལ་བྱེད་པ་དང་། བཟའ་བཏུང་དང་། ཞག་སྡོད། རོལ་རྩེད་སོགས་ཀྱི་ལེ་ལག་ཚང་བའི་ཞབས་འདེགས་ཞུ་བའི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་བསྐངས་ཡོད། ལྷ་སའི་རྫོང་དང་ཆུས་བདུན་ལ་དུས་གཅིག་ཏུ་ཁག་དང་པོའི“ཞིང་ཕན་eདངུལ་བུན། གྲོང་གསེབ་ཡུལ་སྐོར་གྱི་དངུལ་བུན”ཐེངས་102དང་སྒོར་ཁྲི་1810སྤྲད་པ་རེད།
   “ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ང་ཚོར་ཞིང་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་ཞིང་ཕན་དངུལ་བུན་སྒོར་ཁྲི་10བཏང་བར་སྐྱེད་ཀ་དམའ་པོ་ཡིན་པས་སྲིད་ཇུས་ཡག་པོ་འདུག”ཅེས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་རྒྱུ་དཀར་གྲོང་ཚོའི་འབྲེལ་ཡོད་འགན་འཁུར་བས་བཤད། སྔར་ནས་བཟུང་དངུལ་ཁང་དེས“ཞིང་ཕན་eདངུལ་བུན”གྱི་དྲ་ཐོག་ཐོན་རྫས་སྤྱོད་རྒྱུ་མཐའ་འཁྱོངས་བྱས་ནས་ཞིང་འབྲོག་པའི་དངུལ་བུན་གཡར་དཀའ་བ་དང་དངུལ་བུན་གྱི་སྐྱེད་ཀ་མཐོ་བའི་གནད་དོན་རྦད་དེ་ཐག་གཅོད་བྱས་ཤིང་། ཞིང་འབྲོག་པའི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོར་དམིགས་ཏེ། དུད་ཚང་དུ་བརྟག་དཔྱད་ལ་བསྐྱོད་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས“ཞིང་ཕན་eདངུལ་བུན”གྱི་ཞིང་དུད་ཀྱི་དྲ་ཐོག་དངུལ་བུན་ཐོན་རྫས་བཏོན་ཏེ་ཁྱད་ལྡན་གསོ་སྤེལ་སོགས་རིགས་ཁག་གི་ས་མཐོའི་འབྲོག་དུད་ལ་རྒྱབ་སྐྱོར་གནད་སྨིན་བྱས་པ་རེད།