འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འགོ་ཁྲིད་འདི་ལ་དུས་བཙོན་ལོ་12ཀྱི་ཁྲིམས་ཐག་བཅད་འདུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་31ཉིན། 16:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     2023ལོའི་ཟླ་5ཚེས་30ཉིན། ལེའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་དང་། ཞིང་ཆེན་གྱི་འགོ་འཛིན་གཞོན་པ་ཧའོ་ཁྲུན་རུང་གིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་ངང་ཁྱབ་བསྒྲགས་བྱས་པ་དང་། ལྐོག་རྔན་བླངས་པའི་བྱས་ཉེས་ལ་བརྟེན་ནས་ཞུ་སྦྱོར་ཕྱི་མ་ཧའོ་ཁྲུན་རུང་ལ་དུས་བཀག་བཙོན་འཇུག་ལོ་བཅུ་གཉིས་བྱ་རྒྱུའི་ཁྲིམས་ཐག་བཅད་པ་མ་ཟད། མི་དམངས་ཤོག་སྒོར་ཁྲི་ཉིས་བརྒྱ་ཆད་པ་བཅད་པ་དང་། གྱོད་ཐོར་བཀོད་དེ་ཞིབ་བཤེར་དང་བཀག་ཉར་བྱས་པའི་ཧའོ་ཁྲུན་རུང་གིས་རྒྱུ་རྔན་ལྐོག་ལེན་བྱས་པ་ལས་བྱུང་བའི་ཐོབ་ཆ་དང་དེའི་སྐྱེད་འཕེལ་ཁྲིམས་ལྟར་བདའ་འདེད་བྱས་ནས་རྒྱལ་མཛོད་ལ་འབུལ་རྒྱུ།
     འདྲི་ཞིབ་བྱས་པ་བརྒྱུད་རྩད་ཆོད་དོན། 1999ལོ་ནས་2021ལོའི་བར་ཞུ་སྦྱོར་ཕྱི་མ་ཧའོ་ཁྲུན་རུང་གིས་ཀྲུང་གུང་ལེའོ་ཉིང་གྲོང་ཁྱེར་ཐའེ་ཙེ་ཧོ་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཐའེ་ཙེ་ཧོ་ཆུས་མི་དམངས་སྲིད་གཞུང་གི་ཆུས་ཀྲང་། ཀྲུང་གུང་ལེའོ་དབྱང་གྲོང་ཨུའི་རྒྱུན་ཨུ་དང་ལེའོ་དབྱང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ། ཀྲུང་གུང་ཁྲའོ་དབྱང་གྲོང་ཨུའི་ཧྲུའུ་ཅི་གཞོན་པ། ལེའོ་ཉིང་ཞིང་ཆེན་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་། ཀྲུང་གུང་ཕན་ཅིན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཕན་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འགོ་འཛིན་དང་། ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་འཛིན་གཞོན་པ་སོགས་ཀྱི་གོ་གནས་ཐད་ཀྱི་སྟབས་བདེར་བརྟེན་ནས། འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་ས་ཞིང་མཁོ་སྤྲོད་དང་། ལས་གྲྭ་སྒྲུབ་འགན་ལེན་པ། སྲིད་འཛིན་ཞིབ་མཆན་འགོད་པ། གོ་གནས་ལེགས་སྒྲིག་སོགས་ཀྱི་དོན་དག་ཐད་རོགས་རམ་བྱས་ཏེ་ཁྲིམས་འགལ་གྱིས་རྒྱུ་ནོར་བླངས་པ་ཁྱོན་བསྡོམས་མི་དམངས་ཤོག་སྒོར་ཁྲི་1883ལྷག་ཙམ་ཟིན་ཡོད། 
     ཏ་ལན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ངོས་འཛིན་བྱས་དོན། ཞུ་སྦྱོར་ཕྱི་མ་ཧའོ་ཁྲུན་རུང་གི་བྱ་སྤྱོད་ལྐོག་རྔན་བླངས་པའི་བྱས་ཉེས་བསགས་ཡོད་ཅིང་ལྐོག་རྔན་བླངས་པའི་གྲངས་འབོར་ཤིན་ཏུ་མང་། ཧའོ་ཁྲུན་རུང་གིས་གྱོད་གཞི་ཐག་གཅོད་བྱས་རྗེས་ནག་ཉེས་ཇི་བཞིན་ངོས་ལེན་ཞུས་པ་དང་། རང་འགུལ་ངང་གྱོད་གཞི་ཐག་གཅོད་ལས་ཁུངས་ཀྱིས་མ་ཤེས་པའི་ཉེས་བསགས་དོན་དངོས་མང་ཆེ་བ་ངོས་ལེན་དང་འགྱོད་བཤགས་བྱས་པ་དང་། བརྐུས་ནོར་ཕྱིར་སློག་ཧུར་ཐག་བྱས་པ། ལྐོག་རྔན་བླངས་ནས་ཐོབ་པ་དང་དེའི་སྐྱེད་འཕེལ་ཚང་མ་ཕྱིར་སློག་དང་ཞིབ་བཤེར་བྱས་ནས་གྱོད་གཞི་ཐག་གཅོད་བྱས་ཟིན་པར་དམིགས་ནས། ཁྲིམས་བཀོད་དང་བབ་བསྟུན་ངང་ཉེས་ཆད་ཡང་བཟོའི་གནས་ཚུལ་ལྡན་ཡོད་པས། ཁྲིམས་ལྟར་ཉེས་ཆད་ཡང་མོ་བཅད་ཆོག ཁྲིམས་ཁང་གིས་གོང་གི་དཔྱད་མཚམས་བཏང་།