འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་ནས་བྲག་བརྐོས་རི་མོ་ཞིག་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་31ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།བོད་ལྗོངས་ནས་བྲག་བརྐོས་རི་མོ་ཞིག་རྙེད་འདུག
     ཉིན་ཤས་གོང་། རྒྱལ་རྩེ་རྫོང་རིག་གནས་ཡུལ་སྐོར་ཅུད་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་རྩེ་རྫོང་ཁོངས་ནས་བྲག་བརྐོས་རི་མོ་ཞིག་ཐོག་མར་རྙེད་པ་རེད། རྒྱལ་རྩེ་རྫོང་གི་རིག་གནས་ཤུལ་བཞག་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་འགོ་ཚུགས་ནས་ཟླ་ཕྱེད་ཙམ་སོང་ཞིང་། སྤོ་ཐབས་མེད་པའི་རིག་དངོས་ལ་ཡོངས་ཁྱབ་ཞིབ་བཤེར་ཚོ་ཆུང་གིས་སྔ་རྗེས་སུ་ཤང་གྲོང་ཁག་དང་། གྲོང་ཚོ་ཁག་ཏུ་བསྐྱོད་དེ་ཡུལ་དངོས་སུ་བརྟག་ཞིབ་བྱས་པ་དང་། ཞིང་ནང་དང་རི་ཁུལ་དང་རོང་ས་བཅས་སུ་མང་ཚོགས་དང་། གྲོང་ཚོ་ཨུ་ལྷན་གྱི་འགན་འཁུར་བ། དམངས་ཁྲོད་“རིག་གནས་འཇོན་ཐང་ཅན་”བཅས་ལ་བཅར་འདྲི་དང་བརྟག་ཞིབ་བྱས་པ་བརྒྱུད། ད་ཆའི་བར་དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་རེད།
     བྲག་བརྐོས་རི་མོ་དེ་ས་བབ་མཐོ་ཚད་སྨི་5200ཙམ་གྱི་རི་འདབས་སུ་གནས་པ་དང་། བྲག་ངོས་བརྒྱད་ཀྱི་ལྡེབས་སུ་ཁྱབ་ཡོད། བྲག་བརྐོས་རི་མོའི་ནང་རྟ་པ་46ཡོད་ཅིང་། རྟ་པ་22ཀྱིས་མདའ་གཞུ་འཁྱེར་བ་དང་། རྟ་པ་5ཡིས་མདུང་འཁྱེར་བ། ད་དུང་སྔ་དུས་ཀྱི་མཆོད་རྟེན་4དང་“གཡུང་དྲུང་”1བཅས་ཡོད་པ་ལས་རི་དྭགས་རྔོན་ཚུལ་དང་། འཐབ་འཛིང་། དད་མོས་སོགས་གནའ་བོའི་དུས་ཀྱི་མིའི་རིགས་ཀྱི་འཚོ་བའི་ཆ་ཤས་ཤིག་མངོན་ཡོད། རང་སྐྱོང་ལྗོངས་དང་གཞིས་རྩེ་གྲོང་ཁྱེར་རིག་གནས་དངོས་མང་བཤམས་སྟོན་ཁང་དང་གནའ་རྫས་རྟོག་ཞིབ་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་ཚོས་ཚོད་དཔག་རགས་ཙམ་བྱས་པར་གཞིགས་ན། དེ་ནི་ཐང་རྒྱལ་རབས་ནས་ཡོན་རྒྱལ་རབས་དུས་སྐབས་ཀྱི་བྲག་བརྐོས་རི་མོ་ཡིན་པ་དང་། ལོ་རབས་ཞིབ་ཕྲ་ད་དུང་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་མུ་མཐུད་བྱེད་དགོས་ཀྱི་ཡོད། བྲག་བརྐོས་རི་མོ་དེ་ནི་རྒྱལ་རྩེ་རྫོང་ཁོངས་ནས་ཤེས་རྟོགས་བྱུང་བའི་བྲག་བརྐོས་རི་མོའི་གནའ་ཤུལ་ཞིག་ཡིན་པ་དེའི་ཐོག་ནས་རྒྱལ་རྩེ་རྫོང་ཁོངས་སུ་བྲག་བརྐོས་རི་མོའི་ཤུལ་བཞག་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་དང་། ད་རེས་ཀྱི་ཡོངས་ཁྱབ་ཞིབ་བཤེར་ཁྲོད་ཀྱི་ཤེས་རྟོགས་གལ་ཆེན་ཞིག་རེད།
        བྲག་བརྐོས་རི་མོ་ཤེས་རྟོགས་བྱུང་བ་དེས་མྱང་ཆུ་འབབ་རྒྱུད་ཀྱི་གནའ་བོའི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། བོད་ཀྱི་དབུས་ལྷོའི་རྒྱུད་ཀྱི་གནའ་བོའི་སྤྱི་ཚོགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་བགྲོ་གླེང་བྱེད་པའི་ཐད་དཔྱད་གཞིའི་རིན་ཐང་གལ་ཆེན་ལྡན། སྤྱི་ཚོགས་ཀྱི་སྤྱི་དམངས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་། རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། རྒྱལ་རྩེའི་ལོ་ངོ་སྟོང་གི་གྲོང་ཁྱེར་གྲགས་ཅན་གྱི་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལྟ་བའི་འདུ་ཤེས་བརྟན་པོ་འཆང་བར་དཔང་རྟགས་དེ་བས་མང་པོ་མཁོ་འདོན་བྱས་ཡོད། 
༄༅།།བོད་ལྗོངས་ནས་བྲག་བརྐོས་རི་མོ་ཞིག་རྙེད་འདུག