འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྔོན་ཐོན་གྱི་སྒྲིག་ཆས་དང་ལག་རྩལ་གསར་པར་བརྟེན་ནས་2023ལོའི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ལ་རམ་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་31ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཟླ་5ཚེས་29ཉིན་མཚོ་སྔོན་ཁུ་ཁུ་ཤིས་རིར་གཙོད་མ་ཁྱུ་གཅིག་མཚོ་བོད་གཞུང་ལམ་སྒྲོལ་ནས་རྩོ་ནག་མཚོར་སྐྱོད་བཞིན་པ།
འདི་ནི་ཟླ་5ཚེས་29ཉིན་མཚོ་སྔོན་ཁུ་ཁུ་ཤིས་རིར་གཙོད་མ་ཁྱུ་གཅིག་མཚོ་བོད་གཞུང་ལམ་སྒྲོལ་ནས་རྩོ་ནག་མཚོར་སྐྱོད་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཧྲང་ཚའེ་དང་། ཐེན་ཅིན་ཝུན། ཚའོ་པིན།
     ■ ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་དཔྱད་ཡིག་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཧ་ཅང་དཀོན་པོ་ཡོད། ཚན་ཞིབ་མི་སྣས་ཇོ་མོ་གླང་མར་བཙུགས་པའི་རང་འགུལ་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་8ནས་སྔར་བས་ཁྱོན་ཡོངས་དང་ཞིབ་ཚགས་ཀྱི་ལྟ་ཞིབ་ཚད་ལེན་གྱི་དཔྱད་གཞི་ཐོབ་པ་དང་། ཡུན་རིང་རིམ་རྩིས་བྱས་ན་གནམ་གཤིས་བརྟག་དཔྱད་ནས་གནམ་གཤིས་བར་གྱི་རྨང་གཞིའི་ཞིབ་འཇུག་བྱ་རྒྱུ་མངོན་འགྱུར་ཐུབ་ངེས་རེད།
     2023ལོའི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ལས་དོན་སྤེལ་རིང་། ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་5ཡིས་རང་རྒྱལ་གྱིས་བཟོས་པའི་གློག་རྫས་བེད་སྤྱོད་དང་། འཁྱཌ་རོམ་ལ་3Dཀྱིས་བཤེར་འབེབས། མི་མེད་གནམ་གྲུ་ནས་མཁའ་རླུང་འཚོལ་བསྡུ། འོད་རིག་ཕྲ་མཐོང་ཆེ་ཤེལ་ནས་ལྟ་ཞིབ་སོགས་སྔོན་ཐོན་གྱི་སྒྲིག་ཆས་དང་ལག་རྩལ་གསར་ཤོས་སྤྱད་དེ་ཇོ་མོ་གླང་མའི་ས་ཁུལ་དུ་ཚན་རིག་རྟོག་ཞིབ་དང་ཞིབ་འཇུག་བྱས་ནས་ཚན་རིག་རྟོག་ཞིབ་ཁྱབ་ཁོངས་ཁག་ལ་ཚད་བརྒལ་གསར་པ་ཡོང་བར་རམ་འདེགས་བྱས་པ་རེད།
     “འདི་ལོ་ང་ཚོས་ས་བབ་སྨི་5200ནས་སྨི་8830བར་གྱི་སྐས་རིམ་གནམ་གཤིས་ས་ཚིགས་8ལ་གྲུབ་འབྲས་ཐོབ་པའི་ངང་སྲུང་སྐྱོང་བྱས་ཡོད”ཅེས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲའོ་ཧྭ་པེའོ་ཡིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། འདི་ལོ་དམིགས་བསལ་ཁོར་ཡུག་འོག་གི་གློག་རྫས་ཀྱི་གློག་སྤྱོད་གནད་དོན་ལ་གཙོ་གནད་ཐོག་གཞིགས་ཏེ་ས་བབ་སྨི་6500མན་གྱི་གནམ་གཤིས་ས་ཚིགས་སུ་ཆར་ཆུ་འབབ་ཚད་ལྟ་ཞིབ་ཚད་ལེན་བྱས་ནས་སྐས་རིམ་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་དཔྱད་གཞི་སྔར་བས་མང་བ་འཐོབ་པ་བྱ་རྒྱུ་རེད། “དེར་བརྟེན་ང་ཚོས་རྒྱལ་ནང་གི་གློག་རྫས་མཁོ་འདོན་བྱེད་མཁན་མང་དག་ཅིག་དང་འབྲེལ་གཏུག་བྱས་ཏེ་བསྡུར་བ་བྱས་མཐར་དྲོད་དམའ་གནོན་དམའ་ཐེག་པ་དང་གློག་སྤྱོད་ཡུན་ཧ་ཅང་རིང་བའི་རང་རྒྱལ་གྱིས་བཟོས་པའི་གློག་རྫས་མངགས་ཉོ་བྱས་པ་ཡིན”ཞེས་བཤད།
     ངོ་སྤྲོད་བྱས་པ་ལྟར་ན། ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་དཔྱད་ཡིག་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཧ་ཅང་དཀོན་པོ་ཡོད། ཚན་ཞིབ་མི་སྣས་ཇོ་མོ་གླང་མར་བཙུགས་པའི་རང་འགུལ་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་8ནས་སྔར་བས་ཁྱོན་ཡོངས་དང་ཞིབ་ཚགས་ཀྱི་ལྟ་ཞིབ་ཚད་ལེན་གྱི་དཔྱད་གཞི་ཐོབ་པ་དང་། ཡུན་རིང་རིམ་རྩིས་བྱས་ན་གནམ་གཤིས་བརྟག་དཔྱད་ནས་གནམ་གཤིས་བར་གྱི་རྨང་གཞིའི་ཞིབ་འཇུག་བྱ་རྒྱུ་མངོན་འགྱུར་ཐུབ་ངེས་རེད།
     ཇོ་མོ་གླང་མའི“རླུང་ཁམས་ཆེ་མོའི་འཁོར་རྒྱར”ཡུན་རིང་ལྟ་ཞིབ་ཚད་ལེན་བྱས་པ་ཕུད། ཚན་རིག་རྟོག་ཞིབ་མི་སྣས་ད་དུང་མི་མེད་གནམ་གྲུ་དང་3Dསྐུལ་འོད་བཤེར་འབེབས་སོགས་སྔོན་ཐོན་གྱི་སྒྲིག་ཆས་སྤྱད་དེ་ཇོ་མོ་གླང་མའི་འཁྱགས་རོམ་ཁུལ་དུ་ཁྱོན་ཡོངས་ནས་བརྟག་དཔྱད་བྱས་པ་རེད།
     ཀྲུང་གོ་ཚན་རིག་ཁང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་འཁྱགས་ཁུལ་ཚན་རིག་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གི་ཀྲུའུ་རེན་ཁང་ཧྲི་ཁྲང་གིས་སྣེ་ཁྲིད་པའི་འཁྱགས་རོམ་དང་སྦགས་བཙོག་དངོས་པོའི་ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་གིས་ཇོ་མོ་གླང་མ་ས་ཁུལ་གྱི་སྦགས་བཙོག་དངོས་པོར་ལྟ་ཞིབ་ཚད་ལེན་དང་། འཁྱགས་རོམ་དང་འཁྱགས་མཚོའི་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན། གཙང་པོ་དང་མཚེའུའི་དྲོད་ཁང་གི་རླུང་གཟུགས་ལ་ལྟ་ཞིབ་ཚད་ལེན། ས་བབ་མཐོ་བའི་ས་ཁུལ་གྱི་གངས་འཁྱགས་ཀྱི་མ་དཔེ་འཚོལ་བསྡུ་སོགས་ཀྱི་ལས་དོན་ལེགས་སྒྲུབ་བྱས་པ་རེད།
     ཀྲུང་གོ་ཚན་རིག་ཁང་ཤིས་ཧྲོང་པན་ནའི་ཚ་ཁུལ་རྩི་ཤིང་ར་བའི་ཞིབ་འཇུག་པ་སུའུ་ཐའོ་ཡིས་མི་4ལས་གྲུབ་པའི་གནའ་བོའི་སྐྱེ་དངོས་ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་གི་སྣེ་ཁྲིད་དེ་ཇོ་མོ་གླང་མའི་ས་ཁུལ་དུ་བསྟུད་མར་ཉིན་10ལྷག་གི་རིང་ཕྱི་རོལ་དུ་ཚན་རིག་རྟོག་ཞིབ་བྱས་ཤིང་། ཁོང་ཚོས་ཚན་རིག་གི་ཁུངས་འདེད་གཞིར་བཟུང་འགྱུར་རྡོ་བཙལ་བ་དང་མི་མེད་གནམ་གྲུས་ས་ཁོངས་ལ་ལར་བཤེར་འབེབས་བྱས་ཏེ་ཕྱི་རོལ་རི་ཐང་དུ“ནོར་བུ་འཚོལ་བའི”ལས་དོན་སྤེལ་བ་རེད།
     “ང་ཚོས་དིང་རི་རྫོང་སྒང་དཀར་གྲོང་རྡལ་གྱི་ཉེ་འགྲམ་ནས་ཉར་ཚགས་ཅུང་བཟང་བའི་གནའ་བོའི་སྐྱེ་དངོས་ཀྱི་འགྱུར་རྡོ་ཞིག་ཀྱང་རྙེད་བྱུང་། གོམ་སྟབས་རྗེས་མར་ང་ཚོས་འགྱུར་རྡོ་དེ་དག་ཚོད་ལྟ་ཁང་དུ་དབོར་ཏེ་CTཆུང་གྲས་དང་འཚེར་འོད་ཕྲ་མཐོང་ཆེ་ཤེལ་སོགས་སྒྲིག་ཆས་གསར་པ་དང་བྱེད་ཐབས་གསར་པར་བརྟེན་པ་དང་། དེ་ནས་དཔེ་དབྱིབས་བཟོས་ཏེ་ཞིབ་འཇུག་ལས་དོན་སྔར་བས་ཞིབ་ཚགས་སྤེལ་གྱི་ཡིན”ཞེས་སུའུ་ཐའོ་ཡིས་བཤད།
     “རང་རེའི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རྒྱལ་སྟོབས་ཆེ་རུ་ཕྱིན་པ་དང་ཆབས་ཅིག་ཚན་ཞིབ་ཁྱབ་ཁོངས་ཀྱི་སྔོན་ཐོན་སྒྲིག་ཆས་དང་ལག་རྩལ་གསར་པ་མང་པོ་ཞིག་ཀྱང་རྒྱུན་ཆད་མེད་པར་གསར་བརྗེས་རིམ་སྤོར་བྱས་པ་དང་། སྒྲིག་ཆས་དང་ལག་རྩལ་ཁག་གཅིག་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད”ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཝང་དབྱི་ལུང་གིས་སྣེ་ཁྲིད་པའི་གནམ་གཤིས་འགྱུར་ལྡོག་དང་སྐྱེ་ཁམས་མ་ལག་གི་ཐཱན་འཁོར་རྒྱུག་ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་གིས་ཞིབ་ཚད་མཐོ་བའི་དཔྱད་ཆས་དང་མི་མེད་གནམ་གྲུ་སྤྱད་དེ་ཇོ་མོ་གླང་མའི་ས་ཁུལ་དུ་རླུང་ཁམས་ཆེ་མོའི་དྲོད་ཁང་རླངས་གཟུགས་ལ་རྒྱུན་མཐུད་ལྟ་ཞིབ་ཚད་ལེན་བྱས་པ་རེད།
     (གནམ་ཕྱུག་རྒྱལ་གྱིས་བསྒྱུར། བདེ་དབང་གིས་ཞུས)
འདི་ནི་ཟླ་5ཚེས་29ཉིན་ཁུ་ཁུ་ཤིས་རིའི་དོ་དམ་ཁྲུའུ་སྨུག་པ་ལ་སྲུང་སྐྱོང་ས་ཚིགས་ཀྱི་ལས་མི་འཇམ་དཔལ་རྡོ་རྗེས་མཚོ་བོད་གཞུང་ལམ་ཉེ་འགྲམ་ནས་གཙོད་ལ་ལྟ་ཞིབ་བྱེད་བཞིན་པ།
འདི་ནི་ཟླ་5ཚེས་29ཉིན་ཁུ་ཁུ་ཤིས་རིའི་དོ་དམ་ཁྲུའུ་སྨུག་པ་ལ་སྲུང་སྐྱོང་ས་ཚིགས་ཀྱི་ལས་མི་འཇམ་དཔལ་རྡོ་རྗེས་མཚོ་བོད་གཞུང་ལམ་ཉེ་འགྲམ་ནས་གཙོད་ལ་ལྟ་ཞིབ་བྱེད་བཞིན་པ།