འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཚན་རྩལ་སྒོ་ར་ཆུང་ངུའི་ནུས་པ་བཏོན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་31ཉིན། 13:06】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཕིང་ཀུའུ་ཆུས་ཡུས་ཁོའུ་གྲོང་རྡལ་གྱི་ཅིང་ཝ་དྲོད་ཁང་སྐྱེད་ཚལ་ལག་རྩལ་དཔེ་སྟོན་གླིང་དང་ཤིས་ཧྥན་ཀེ་ཀྲོང་གྲོང་ཚོའི་ཚན་རྩལ་སྒོ་ར་ཆུང་ངུའི་ནང་སློབ་གྲྭ་ཆེན་མོ་བ་ཚོས་ལས་དོན་སྤེལ་རེས་བྱེད་བཞིན་པ།
འདི་ནི་ཕིང་ཀུའུ་ཆུས་ཡུས་ཁོའུ་གྲོང་རྡལ་གྱི་ཅིང་ཝ་དྲོད་ཁང་སྐྱེད་ཚལ་ལག་རྩལ་དཔེ་སྟོན་གླིང་དང་ཤིས་ཧྥན་ཀེ་ཀྲོང་གྲོང་ཚོའི་ཚན་རྩལ་སྒོ་ར་ཆུང་ངུའི་ནང་སློབ་གྲྭ་ཆེན་མོ་བ་ཚོས་ལས་དོན་སྤེལ་རེས་བྱེད་བཞིན་པ།
     པེ་ཅིང་གྲོང་ཁྱེར་ཕིང་ཀུའུ་ཆུས་ཡུས་ཁའུ་གྲོང་རྡལ་ཤིས་ཧྥན་ཀེ་ཀྲོང་གྲོང་ཚོའི་ཚན་རྩལ་སྒོ་ར་ཆུང་ངུའི་ནང་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཁག་གཅིག་བཅའ་སྡོད་བྱས་ཤིང་། ཁོང་ཚོ་ཞིང་ཁ་དང་ཞིང་ཁྱིམ་དུ་བསྐྱོད་དེ་སྐྱེ་དངོས་ཀྱི་མ་ལག་འཆར་འགོད་དང་། རིག་ལྡན་དྲོད་ཁང་གི་སྐྱེ་དངོས་དོ་དམ། གྲོང་ཚོའི་ཕྱིར་ཚོང་ལ་རམ་འདེགས་སོགས་ཀྱི་ལས་དོན་ནང་ཞུགས་ཤིང་། ཚན་རྩལ་སྒོ་ར་ཆུང་ངུའི་སློབ་སྦྱོང་དང་འཚོ་བ་བརྒྱུད། གྲོང་སྡོད་སློབ་གྲྭ་ཆེན་མོ་དེ་དག་གིས་ལག་ལེན་ཁྲོད་ནས་ཤེས་བྱ་སྦྱོང་བ་དང་འཇོན་ཐང་ཞུན་བརྡར་བྱས་པ་མ་ཟད། རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་དང་། འདེབས་གསོའི་ལག་རྩལ་ལ་ཞིབ་འཇུག སྐྱེ་དངོས་ཀྱི་སྣ་ཁ་ནང་འདྲེན་བཅས་བྱས་ནས་གྲོང་གསེབ་དར་རྒྱས་འཛུགས་སྐྲུན་ལ་རམ་འདེགས་བྱས་པ་རེད།