འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དུས་རབས་གསར་པ། བོད་ལྗོངས་གསར་པ། གཏམ་རྒྱུད་གསར་པ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་30ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་5ཚེས་23ཉིན། 2023ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་འཕེལ་རྒྱས་པེ་ཅིང་དུ་གཉེར་ཞིང་། རྒྱལ་ཁབ་དང་ས་ཁུལ་36ནས་ཕེབས་པའི་སྐུ་མགྲོན་150ལྷག་ཙམ་གྱིས། “དུས་རབས་གསར་པ། བོད་ལྗོངས་གསར་པ། རྒྱང་བསྐྱོད་ཀྱི་ལམ་བུ་གསར་པ།—སྤུས་ཚད་མཐོ་བའི་བོད་ལྗོངས་ཀྱི་གོང་འཕེལ་དང་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་ལེའུ་གསར་པ”ཞེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། སྤེལ་རེས་རྒྱ་ཁྱབ་དང་། དཔྱད་བསྡུར་གཏིང་ཟབ། འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བའི་ཉམས་མྱོང་གསར་པ་མཉམ་དུ་ལོངས་སྤྱོད་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་། རིག་གནས་རྒྱུན་འཛིན། སྐྱེ་ཁམས་སྲུང་སྐྱོང་། འགྲོ་བ་མིའི་འགན་སྲུང་སོགས་ཀྱི་ཐད་བླངས་པའི་ཡར་རྒྱས་གསར་པར་ཁས་ལེན་གང་ལེགས་གནང་བ་རེད།