འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཁབ་ཀྱི་གཅེས་ནོར་འདི་ཁྱེད་ཀྱིས་མཐོང་མྱོང་ངམ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་30ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱལ་ཁབ་ཀྱི་གཅེས་ནོར་འདི་ཁྱེད་ཀྱིས་མཐོང་མྱོང་ངམ།
    ཕྱི་དབང་དང་དུང་དཀར་བྲག་ཕུག་གི་གནའ་ཤུལ་ནི་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཡིན་པ་དང་། དེ་དག་ནི་བོད་ཀྱི་གུ་གེའི་རྒྱལ་རབས་དུས་ཀྱི་ལོ་རྒྱུས་ཤུལ་བཞག་ཞིག་རེད། བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་དུ་གནས་པ་དང་། དེ་ནི་དུང་དཀར་བཀྲ་ཤིས་ཆོས་གླིང་དགོན་གྱི་གནའ་ཤུལ་དང་ཕྱི་དབང་བྲག་ཕུག་ཚོགས་ལས་གྲུབ་པ་ཞིག་རེད།
    ཕྱི་དབང་བྲག་ཕུག་ཚོགས་ཀྱི་ལྡེབས་རིས་ནི་དམིགས་བསལ་གཏེར་ཚོན་གྱིས་བྲིས་པ་ཡིན་ཞིང་། རི་མོའི་བཀོད་པ་ཚགས་དམ་པ་དང་། བཟོ་དབྱིབས་དམིགས་བསལ་ཡིན་པ། གཟུགས་བརྙན་གསོན་ཉམས་དོད་པ་བཅས་ཀྱི་སྲོག་ཆགས་དང་མི་སྣའི་བཟོ་དབྱིབས་དང་རི་མོ་སོགས་ཡོད་པས། ལོ་ངོ་སྟོང་གི་གོང་ལག་ཤེས་པ་ཚོའི་རྩེར་སོན་གྱི་ལག་རྩལ་དང་། ཟོལ་མེད་དང་ཡ་མཚན་ཅན་གྱི་རྣམ་ཤེས་ཚོར་ཐུབ།
【1】  【2】  【3】  【4】  【5】  【6】
༄༅།།རྒྱལ་ཁབ་ཀྱི་གཅེས་ནོར་འདི་ཁྱེད་ཀྱིས་མཐོང་མྱོང་ངམ།