འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མངའ་རིས་གཞུང་ལམ་འགྲམ་གྱི་རྡོ་ར་ཆེན་པོ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་30ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མངའ་རིས་གཞུང་ལམ་འགྲམ་གྱི་རྡོ་ར་ཆེན་པོ།
   ཟླ་5ཚེས་28ཉིན། “རྒྱལ་ལམ་འགྲིམས་ཏེ། གངས་རི་ནས་རྒྱ་མཚོའི་ཕྱོགས་སུ་བསྐྱོད་”ཅེས་པའི་འཕྲིན་སྤེལ་ཚོ་ཆུང་གིས་བོད་ལྗོངས་མངའ་རིས་སྒར་རྫོང་བཀྲ་ཤིས་སྒང་ཤང་གི་གཞུང་ལམ་འགྲམ་ནས། རིང་ཚད་ལ་སྤྱི་ལེ་ཁ་ཤས་ཡོད་པའི་“རྡོ་ར་ཆེན་པོ”ཞིག་མཐོང་། རྡོ་ཁྲི་སྟོང་མང་པོས་སྨི་གཅིག་གི་ཆེ་ཆུང་ཙམ་གྱི་དྲ་མིག་གྲུ་བཞི་མ་བསྒྲིགས་ཡོད་ཅིང་། རྡོ་ཆེ་ཤོས་ལ་སྤོ་ལོའི་ཆེ་ཆུང་དང་མཚུངས་ཤིང་། ཆུང་བ་ལའང་ཁུར་ཚུར་གྱི་ཆེ་ཆུང་ཙམ་འདུག རྡོ་ར་འདི་ནི་སུས་བཟོས་པ་ཡིན་ནམ། འདི་འདྲ་ལས་དོན་ཅི་ཡིན་ནམ། 
   བཀྲ་ཤིས་སྒང་ཤང་གི་ཤང་ཀྲང་གཞོན་པ་བསོད་ནམས་ཚེ་རིང་གིས་གསར་འགོད་པར“རྡོ་ར་ཆེན་པོ”དེ་ནི་བཀྲ་ཤིས་སྒང་ཤང་གི་གྲོང་མི་ཡོངས་ཀྱིས་ལས་བྱེད་པ་ཚོ་དང་མཉམ་དུ་བཟོས་པ་ཡིན་ཞིང་། དེ་ནི་2017ལོ་ནས་བཟུང་ལོ་གསུམ་རིང་བསྟུད་མར་བཟོས་ནས་ལེགས་འགྲུབ་བྱུང་བ་དང་། དེའི་དམིགས་ཡུལ་ནི་བཀྲ་ཤིས་སྒང་ཤང་གི་དགུན་སར་བྱེ་རླུང་གི་གནོད་རྐྱེན་མི་ཕོག་པ་དང་ཐ་ན་བྱེ་མའི་ནང་དུ་འཐིམ་མི་འགྲོ་བའི་ཆེད་དུ་རེད། མིག་སྔའི་གནས་ཚུལ་ལ་བལྟས་ན། ཕན་འབྲས་ཡག་པོ་ཐོན་ཡོད། 
   རྡོ་ར་ཆེན་པོ་ཡིས་ཡུལ་དེ་གའི་མི་དམངས་ཀྱི་བློ་གྲོས་དང་སྙིང་སྟོབས་མཚོན་ཡོད། 
【1】  【2】  【3】  【4】  【5】
༄༅།།མངའ་རིས་གཞུང་ལམ་འགྲམ་གྱི་རྡོ་ར་ཆེན་པོ།