འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སི་ཁྲོན་མུ་ལིའི་ནགས་ཚལ་ལ་མེ་ཤོར་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་30ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སི་ཁྲོན་མུ་ལིའི་ནགས་ཚལ་ལ་མེ་ཤོར་འདུག
    སི་ཁྲོན་ཞིང་ཆེན་ལེང་ཧྲན་ཁུལ་མུ་ལི་རྫོང་ས་དཀར་ཡུལ་ཞང་ཅི་མའོ་གྲོང་ཚོའི་ས་ཁོངས་ཀྱི་ནགས་ཚལ་ལ་མེ་ཤོར་ཞིང་། ད་ཆ། སི་ཁྲོན་ཞིང་ཆེན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དང་། ས་གནས་ཀྱི་ཆེད་ལས་མེ་གསོད་དང་ཆེད་ལས་ཕྱེད་ཙམ་གྱི་མེ་གསོད་རུ་ཁག དམངས་ཚོགས་ཆིག་སྟོང་ཙམ། དུས་མཚུངས་ཐད་འཕུར་གནམ་གྲུ་5བཅས་ཀྱིས་མེ་གསོད་པར་ཞུགས་ཡོད་པ་རེད།
   ད་ཆ། སི་ཁྲོན་ཞིང་ཆེན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་མེ་ཟོན་མི་སྣ་200ལྷག་ཙམ་མེ་སྐྱོན་ཐོན་སར་བསྐྱོད་ནས་རྩད་ཞིབ་སྔར་ལས་ལྷག་པ་བྱེད་བཞིན་ཡོད་པ་རེད། ད་ཆ། མེ་སྐྱོན་བྱུང་སའི་ལྷོ་ངོས་དང་ནུབ་ངོས་ཀྱི་མེ་ཤུགས་ཅུང་ཆུང་དུ་ཕྱིན་པ་དང་། ལྷོ་ངོས་དང་ཤར་ངོས་ཀྱི་མེ་ཤུགས་ཅུང་ཆེ་རུ་ཕྱིན་པ། ནུབ་ངོས་དང་བྱང་ཕྱོགས་སུ་མེ་མཆེད་ཁུལ་ཐར་ཐོར་ཡོད་པ་རེད།