འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་གླུ་གར་ཚོགས་པས་པེ་ཅིང་ནས་མཉམ་ལས་གྲོས་མཐུན་ཞིག་བཞག་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་29ཉིན། 16:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་གླུ་གར་ཚོགས་པས་པེ་ཅིང་ནས་མཉམ་ལས་གྲོས་མཐུན་ཞིག་བཞག་པ།
   ཟླ་5ཚེས་25ཉིན་གྱི་སྔ་དྲོ། ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པ་དང་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པས་མི་རིགས་ཟློས་གར་ཁང་དུ་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། མཉམ་ལས་གྲོས་མཐུན་གཞིར་བཟུང་། ཕྱོགས་གཉིས་པོས་སྒྱུ་རྩལ་གསར་རྩོམ་དང་། འཇོན་མི་གསོ་སྐྱོང་། འཁྲབ་སྟོན་ཁྱབ་གདལ། སྒྱུ་རྩལ་གསོ་སྦྱོང་། རིག་གནས་སྒྱུ་རྩལ་སྤེལ་རེས་སོགས་ཐད་མཉམ་ལས་གཏིང་ཟབ་བྱས་ནས། དུས་རབས་གསར་པའི་མི་རིགས་རིག་རྩལ་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་རེད།
   ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་ཏང་ཨུད་ཧྲུའུ་ཅི་གཞོན་པ། ཚོགས་གཙོ་ཝང་ཁྲེང་ཀང་དང་། ཏང་ཨུད་ཀྱི་ཨུ་ཡོན་དང་ཚོགས་གཙོ་གཞོན་པ་ཧན་ཞིན་པོ། ཏང་ཨུད་ཀྱི་ཨུ་ཡོན་དང་ཚོགས་གཙོ་གཞོན་པ་ལུའུ་ཡུན་ཧྲེང་། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཐིང་ཀྲང་རྡོ་རྗེ་སྒྲོལ་དཀར། རིག་གནས་ཐིང་ཕྱི་ཕྱོགས་མཉམ་ལས་ཁྲུའུ་ཡི་ཁྲུའུ་ཀྲང་ཚེ་དཔལ། བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་ཚོགས་གཙོ་ཀའོ་དབྱིང་། ཚོགས་གཙོ་གཞོན་པ་ཉི་མ་བཅས་དང་དེ་བཞིན་ཕྱོགས་གཉིས་པོའི་འཁྲབ་སྟོན་པའི་འཐུས་མི་དང་། ནང་བཙུགས་སྒྲིག་གཞིའི་འབྲེལ་ཡོད་འགན་འཁུར་བློ་མཐུན་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་པ་རེད། བྱེད་སྒོ་དེ་ཧན་ཞིན་པོ་ཡིས་གཙོ་སྐྱོང་གནང་བ་རེད།
   ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པའི་ལས་སྒོ་པུའི་ཀྲུའུ་རེན་ཀྲའོ་ཞུང་དང་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་ཚོགས་གཙོ་ཀའོ་དབྱིང་ཕྱོགས་གཉིས་པོའི་འཐུས་མི་བྱས་ནས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
    གན་རྒྱ་འཇོག་པའི་མཛད་སྒོ་མཇུག་བསྒྲིལ་རྗེས་སྒྱུ་རྩལ་སྤེལ་རེས་བྱས་ཤིང་། ཕྱོགས་གཉིས་པོའི་སྒྱུ་རྩལ་པ་ཚོས་རྐྱང་གཞས་དང་། བརྩེགས་ལེན། རོལ་ཆས་རྐྱང་དཀྲོལ། ཞབས་བྲོ་རྐྱང་འཁྲབ་སོགས་བྱས་པ་རེད། ཐིང་ཀྲང་བདེ་སྐྱིད་སྒྲོལ་དཀར་གྱིས་སྒྱུ་རྩལ་པ་མི་རེ་རེ་ཚང་མར་མཐོ་སྒང་ནས་འཁྱེར་བའི་ཁ་བཏགས་དཀར་པོ་ཕུལ་ནས། ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པར་བཅངས་པའི་སྨོན་འདུན་ཞུས་པ་རེད།
༄༅།།བོད་ལྗོངས་གླུ་གར་ཚོགས་པས་པེ་ཅིང་ནས་མཉམ་ལས་གྲོས་མཐུན་ཞིག་བཞག་པ།
༄༅།།བོད་ལྗོངས་གླུ་གར་ཚོགས་པས་པེ་ཅིང་ནས་མཉམ་ལས་གྲོས་མཐུན་ཞིག་བཞག་པ།