འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཁ་གསབ་སྒོར་ཁྲི་5000སྤྲོད་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་29ཉིན། 16:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། གསར་འགོད་པས་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་2023ལོའི་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་གཅིག་སྡུད་ཡུག་སྦྲེལ་སྲུང་སྐྱོང་བེད་སྤྱོད་དཔེ་སྟོན་ཁུལ་བདེ་བླག་ངང་རེ་འདུན་ཞུས་ནས། རང་ལྗོངས་ཀྱི་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་གཅིག་སྡུད་ཡུག་སྦྲེལ་སྲུང་སྐྱོང་བེད་སྤྱོད་དཔེ་སྟོན་ཁུལ་གྱི་རྒྱལ་ཁབ་མིང་གཞུང་ནང་བཀོད་པའི་རྫོང་(ཆུས)དང་པོར་གྱུར་ཏེ། ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་5000ལོངས་སུ་སྤྱོད་རྒྱུ་བྱུང་བ་དེའི་ཐོག་ནས་རང་ལྗོངས་ཀྱི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་འཕེལ་རྒྱས་དང་། བེད་སྤྱོད་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།
     སྣེ་གདོང་ཆུས་སུ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དང་། རྒྱལ་བཟང་གྲོང་ཚོ། བསམ་མཁར་གྲོང་ཚོ། སྐྱེད་པ་གྲོང་ཚོ། སྨོན་གྲོང་ཚོ། རྡོ་རོ་གྲོང་ཚོ། སྟར་ཤིང་གྲོང་ཚོ་སོགས་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་བདུན་ཡོད་པ་དང་། སྣེ་གདོང་ལྟེ་བའི་གྲོང་ཁུལ་གྱི་ལྷོ་བྱང་གཉིས་སུ་གཅིག་སྡུད་ཐོག་གནས་པ་དང་། ཐུན་མིན་གྱི་བོད་ལྗོངས་ལྷོ་རྒྱུད་ཀྱི་རང་བྱུང་མཛེས་ལྗོངས་དང་། ཉེ་རིང་གང་སར་སྐད་གྲགས་ཆོད་པའི་རིག་དངོས་གནའ་ཤུལ་དང་། དེ་བཞིན་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་རྡལ་དང་གྲོང་ཚོ་སོགས་རང་བྱུང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལེགས་ཆ་ལྡན་ཡོད། གཅིག་སྡུད་ཡུག་སྦྲེལ་ངང་སྲུང་སྐྱོང་བྱེད་པའི་དཔེ་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་བརྒྱུད། མཐའ་འཁོར་གྲོང་ཚོ་གཞན་དག་དང་མཉམ་དུ་འཕེལ་རྒྱས་དང་ལྗོངས་ཡོངས་ཀྱི་སྲོལ་རྒྱུན་གྲོང་ཚོ་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ།