འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མི་བཞུགས་ལྷ་གྲུ་རྟགས་ཅན་བཅུ་དྲུག་པ་སང་ཉིན་འཕེན་གཏོང་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་29ཉིན། 15:40】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།མི་བཞུགས་ལྷ་གྲུ་རྟགས་ཅན་བཅུ་དྲུག་པ་སང་ཉིན་འཕེན་གཏོང་བྱ་རྒྱུ་རེད།
     ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གཞུང་ལས་ཁང་གི་གནས་འཕྲིན་ལྟར་ན། ལྷ་གྲུ་རྟགས་ཅན་བཅུ་དྲུག་པ་ཟླ་5ཚེས་30ཉིན་གྱི་ཆུ་ཚོད་9དང་སྐར་མ་31ཐོག་འཕེན་གཏོང་བྱ་རྒྱུ་རེད། ཅིན་ཧའེ་ཕེང་དང་། ཀྲུའུ་དབྱང་ཀྲུའུ། ཀུའེ་ཧའེ་ཁྲའོ་བཅས་འཇིག་རྟེན་འཕུར་སྐྱོད་པ་3གྱིས་ལྷ་གྲུ་རྟགས་ཅན་བཅུ་དྲུག་པའི་མི་བཞུགས་འཕུར་སྐྱོད་ལས་འགན་བསྒྲུབ་རྒྱུ་རེད།