འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གནོད་འཚེ་འདིའི་ཁྲོད་མི་2149ཛ་དྲག་ངང་གནས་སྤོ་བྱས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་29ཉིན། 15:39】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་29ཉིན་གསར་འགོད་པར་སི་ཁྲོན་ཞིང་ཆེན་ས་གཤིས་གནོད་འཚེ་བཀོད་འདོམས་པུའུ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་28ཉིན་ནས་བཟུང་དྲག་ཆར་བབས་པའི་རྐྱེན་གྱིས་སི་ཁྲོན་ཞིང་ཆེན་ཏཱ་ཀྲོའུ་གྲོང་ཁྱེར་དང་། པཱ་ཀྲུང་གྲོང་ཁྱེར་གྱིས་ཉེན་གཡོལ་གནས་སྤོ་ཁག་259སྒྲིག་འཛུགས་བྱས་ནས། མང་ཚོགས་དུད་ཚང་1002ཀྱི་མི་2149གནས་སྤོ་བྱས་པ་རེད།
     ཚེས་28ཉིན་གྱི་ཆུ་ཚོད་17ནས་ཚེས་29ཉིན་གྱི་ཆུ་ཚོད་7དང་སྐར་མ་30བར། པཱ་ཀྲུང་ཤར་རྒྱུད་དང་། བྱང་རྒྱུད། ཏཱ་ཀྲོའུ་ནུབ་བྱང་རྒྱུད་བཅས་སུ་ཆར་ཆུང་ནས་ཆར་འབྲིང་བབས་པ་དང་ས་ཆ་ཁ་ཤས་སུ་ཆར་པ་ཆེན་པོ་བབས་ཤིང་། ཆར་པ་ཆེ་ཤོས་པཱ་ཀྲུང་གྲོང་ཁྱེར་ནན་ཅང་རྫོང་ཀུའེ་མིན་གྲོང་རྡལ་དུ་བབས་པ་རེད།(33.8mm)
     ཏཱ་ཀྲོའུ་གྲོང་ཁྱེར་ཐུང་ཁྲོན་ཆུས་ཀྱིས་ཉེན་ཁའི་གནས་ཚུལ་1སྙན་སེང་ཞུས་པར་དོགས་ཟོན་བྱ་ཐབས་སྤྱད་པ་རེད། པཱ་ཀྲུང་གྲོང་ཁྱེར་གྱིས་ཉེན་ཟོན་ཉེན་བརྡའི་ཆ་འཕྲིན་2320བསྐུར་བ་དང་། ཉེན་གཡོལ་དུད་ཚང་417གྱི་མི་874གནས་སྤོ་བྱས་ཡོད་པ་རེད།