འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ས་སྲོད་ཀྱི་གུ་གེ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་29ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ས་སྲོད་ཀྱི་གུ་གེ།
   གུ་གེའི་རྒྱལ་རབས་ཀྱི་གནའ་ཤུལ་ནི་བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་སུ་གནས་པ་དང་། རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཡིན་ཞིང་། དེ་སྔ་བོད་ས་གནས་བཅད་བཟུང་སྲིད་དབང་སྟེ་གུ་གེ་རྒྱལ་རབས་ཀྱི་ལྟེ་བ་རེད། ད་ལྟ་གནའ་ཤུལ་དེ་རི་ལ་བརྟེན་ནས་ཆགས་ཡོད་པ་སྟེ། ཁང་པ་440ལྷག་དང་། བྲག་ཕུག་870ལྷག་ཙམ། མཁར་རྫོང་58། མཆོད་རྟེན་28དང་། ས་འོག་ལྐོག་ལམ་2སོགས་ཀྱིས་གྲུབ་ཡོད་ལ། སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་18ལྷག་ཟིན་ཡོད། ལྟོས་བཅས་མཐོ་དམན་ཧེ་བག་ལ་སྨི་175ཡོད། གུ་གེའི་རྒྱལ་རབས་ཀྱི་གནའ་ཤུལ་གྱིས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་དང་ལྷག་པར་དུ་བོད་ཀྱི་གནའ་རབས་འཛུགས་སྐྲུན་ལོ་རྒྱུས་ཐད་ལ་དངོས་པོའི་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད།
【1】  【2】  【3】  【4】  【5】  【6】  【7】
༄༅།།ས་སྲོད་ཀྱི་གུ་གེ།