འཚོལ་བཤེར།   
藏文频道
2023ལོའི་ཟླ་5ཚེས་29ཉིན།

༄༅།།རྣམ་གྲངས་འདི་ལ་སྒོར་དུང་ཕྱུར་3གྱི་ནོར་སྲིད་རྒྱབ་སྐྱོར་ཐོབ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་29ཉིན། 08:36】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་5ཚེས་24ཉིན། ནོར་སྲིད་པུས་2023ལོའི་ལོ་རྒྱུས་ཐོག་ལུས་པའི་བེད་མེད་གཏེར་རིའི་སྣོད་བཅུད་ཉམས་གསོའི་དཔེ་སྟོན་ལས་གྲྭའི་རྣམ་གྲངས་ཀྱི་འགྲན་རྩོད་རང་བཞིན་གྱི་འདེམས་སྒྲུག་འབྲས་བུ་ཡོངས་བསྒྲགས་བྱས་ཤིང་། ཕིང་ལེང་གྲོང་ཁྱེར་གྱིས་རེ་འདུན་ཞུས་པའི་《ཀན་སུའུ་ཡི་ས་སེར་མཐོ་སྒང་སྣོད་བཅུད་སྲུང་ཡོལ་ཁུལ་(ཕིང་ལེང་གྲོང་ཁྱེར་)གྱི་ལོ་རྒྱུས་ཐོག་ལུས་པའི་བེད་མེད་གཏེར་རིའི་སྣོད་བཅུད་ཉམས་གསོའི་དཔེ་སྟོན་ལས་གྲྭའི་》རྣམ་གྲངས་དེའི་མིང་ཐོའི་ནང་ཚུད་པ་དང་། ནོར་སྲིད་ཀྱི་རྒྱབ་སྐྱོར་སྒོར་དུང་ཕྱུར་3ཐོབ་རྒྱུ་ཡིན་པ་དེ་ནི་ཀན་སུའུ་ཞིང་ཆེན་གྱི་ཞིབ་དཔྱད་ལེགས་འགྲུབ་བྱུང་བའི་རྣམ་གྲངས་གཅིག་པུ་ཡིན་པ་རེད།
     ལོ་འཁོར་དེའི་ལོ་རྒྱུས་ཀྱི་བེད་མེད་གཏེར་རིའི་སྣོད་བཅུད་ཉམས་གསོའི་དཔེ་སྟོན་ལས་གྲྭའི་རྣམ་གྲངས་ཀྱི་འགྲན་རྩོད་རང་བཞིན་གྱི་འདེམས་སྒྲུག་དེ་ནོར་སྲིད་པུའུ་དང་རང་བྱུང་ཐོན་ཁུངས་པུས་སྒྲིག་འཛུགས་བྱས་ནས་སྤེལ་བ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཉམས་གསོའི་འདུ་ཤེས་སྔོན་ཐོན་དང་། ལས་ཀའི་རྨང་གཞི་བཟང་བ། དཔེ་མཚོན་མཚོན་བྱེད་རང་བཞིན་ཆེ་བ། འདྲ་བཟོ་ཁྱབ་གདལ་གྱི་རིན་ཐང་ལྡན་པ་བཅས་ཀྱི་རྣམ་གྲངས་ཁག་གཅིག་འདེམས་སྒྲུག་བྱ་རྒྱུ་དང་འབྲེལ་མ་དངུལ་གྱི་རྒྱབ་སྐྱོར་བྱ་རྒྱུ་དེ་རེད། རང་བརྟེན་རེ་ཞུ་དང་འགྲན་རྩོད་རང་བཞིན་གྱི་ཞིབ་དཔྱད་སོགས་ཀྱི་ལྷུ་ཚིགས་བརྒྱུད་མཐར་ཁྱོན་རྣམ་གྲངས་18དཔྱད་འདེམས་བྱས་པ་རེད།