འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཉི་ནུས་གློག་རྫས་གསར་པ་ཐོན་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་26ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཉི་ནུས་གློག་རྫས་གསར་པ་ཐོན་འདུག
    རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་མི་སྣས་མཐའ་འདབས་ཟླུམ་འདྲེད་ལག་རྩལ་ཞིག་གསར་སྤེལ་བྱས་ཡོད། ལག་རྩལ་འདི་ལ་བརྟེན་ནས་ཞིབ་འཇུག་གསར་སྤེལ་བྱས་པའི་མཉེན་གཤིས་རྐྱང་བདར་སྭེལ་གྱི་ཉི་ནུས་གློག་རྫས་སྲབ་མོའི་མཐུག་ཚད་ནི་ཝེ་སྨི་60ཤོག་བུ་ཙམ་ལས་མེད་པ་མ་ཟད། ད་དུང་ཤོག་བུ་ནང་བཞིན་དཀྱོག་འགུག་དང་ལྟེབ་ཆོག་པ་རེད། འབྲེལ་ཡོད་ཞིབ་འཇུག་གི་གྲུབ་འབྲས་ཟླ་5ཚེས་24ཉིན་《རང་བྱུང》དུས་དེབ་ཐོག་སྤེལ་ཡོད་པ་མ་ཟད། མདུན་ཤོག་རྩོམ་ཡིག་ལ་བདམས་པ་རེད།
   རྐྱང་བདར་སྭེལ་གྱི་ཉི་ནུས་གློག་རྫས་ནི་མིག་སྔར་གསར་སྤེལ་ཆེས་མགྱོགས་པའི་ཉི་ནུས་གློག་རྫས་རིགས་ཤིག་ཡིན་ལ། བཀོལ་ཡུན་རིང་ཞིང་། བཟོ་རྩལ་འཐུས་ཚང་བ། འཕོ་འགྱུར་ལས་ཕྱོད་མཐོ་བ་བཅས་ཀྱི་དགེ་མཚན་ལྡན། དེ་ནི་འོད་ཤུགས་ཚོང་རའི་གཙོ་ཁྲིད་ཐོན་རྫས་ཡིན།  “མིག་སྔར། རྐྱང་བདར་སྭེལ་གྱི་ཉི་ནུས་གློག་རྫས་ཀྱིས་འོད་ཤུགས་ཁྲོམ་རའི་བཟུང་ཚད་95%ཡན་ཟིན་གྱི་ཡོད།” དཔྱད་རྩོམ་གྱི་ཐུན་མོང་འཕྲིན་གཏོང་རྩོམ་པ་པོ་ཀྲུང་གོ་ཚན་རིག་ཁང་ཧྲང་ཧའེ་རྒྱུད་ཁོངས་ཕྲ་མོ་སུའོ་ཡི་སུའོ་ཀྲང་གཞོན་པ་ཏི་ཙེང་ཧྥེང་གིས་དེ་ལྟར་ངོ་སྤྲོད་བྱས། 
༄༅།།ཉི་ནུས་གློག་རྫས་གསར་པ་ཐོན་འདུག
༄༅།།ཉི་ནུས་གློག་རྫས་གསར་པ་ཐོན་འདུག