འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རི་ད་གཟོད་མགྲོན་ནག་བཙན་རྒྱལ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་26ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས་ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་དང་དེ་བཞིན་ཨ་རིའི་ཝུའེ་རོན་ཀུང་སིའི་དབྱེ་ཞིབ་ཚོགས་པས་འབྲེལ་ཡོད་སྙན་ཞུ་ཁྱབ་བསྒྲགས་བྱས་ནས། ཀྲུང་གོའི་མགྲོན་ནག་རྩ་འཛུགས་ཀྱིས་ཨ་རིར་དམིགས་པའི་དྲ་རྒྱའི་ཐོག་ནས་ཚུར་རྒོལ་བྱེད་ཀྱི་འདུག་ཅེས་བརྗོད་པ་རེད། དེའི་ཐད་དེ་རིང་(ཚེས་25ཉིན་)ཀྲུང་གོའི་ཕྱི་འབྲེལ་པུའི་གསར་འགོད་པའི་འཆར་ཅན་ཚོགས་འདུ་འཚོག་པའི་ཐོག མགྲིན་ཚབ་པ་མའོ་ཉིང་གིས། འབྲེལ་ཡོད་གནས་ཚུལ་སྤེལ་བར་ང་ཚོ་དོ་སྣང་བྱུང་ཡོད། ངས་བཤད་འདོད་པ་ནི། འདི་ནི་ཆ་བསྡུ་ཡ་བསྡུ་བྱས་ཤིང་། དཔང་རྟགས་འབྲེལ་མེད་དང་།  ཆེད་ལས་གཏན་ནས་མིན་པའི་སྙན་ཞུ་ཞིག་རེད། ཨ་རིའི་རྒྱལ་ཁབ་བདེ་འཇགས་ཅུད་སོགས་སྲིད་གཞུང་གི་སྒྲིག་གཞི་དང་དེ་བཞིན་དབྱིན་ཇི་དང་། ཨོ་སི་ཁྲུ་ལི་ཡ། ཁ་ན་ཏ། ནེའུ་ཙི་ལན་སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྒྲིག་གཞིས་དེ་དང་འདྲ་བའི་སྙན་ཞུ་ཁྱབ་བསྒྲགས་བྱས་པར་ཡང་ང་ཚོ་དོ་སྣང་བྱུང་། འདི་ནི་ཨ་རིས་ས་བབ་ཐད་ཀྱི་ཆབ་སྲིད་དམིགས་ཡུལ་ལ་བརྟེན་ནས་“མནའ་འབྲེལ་རྒྱལ་ཁབ་ལྔ་པོ་”ཡིས་མཉམ་དུ་ཆ་འཕྲིན་རྫུན་མ་བཟོས་པ་ཡིན་པ་ཧ་ཅང་གསལ་པོ་རེད་ཅེས་དང་།
   མའོ་ཉིང་གིས། “མནའ་འབྲེལ་རྒྱལ་ཁབ་ལྔ་པོ་”ནི་འཛམ་གླིང་ཐོག་གི་གསང་འཕྲིན་རྩ་འཛུགས་ཆེ་ཤོས་ཤིག་ཡིན་པ་དང་། ཨ་རིའི་རྒྱལ་ཁབ་བདེ་འཇགས་ཅུད་ནི་འཛམ་གླིང་ཐོག་མགྲོན་ནག་གི་རྩ་འཛུགས་ཆེ་ཤོས་ཤིག་ཡིན་པ་ཀུན་གྱིས་ཤེས་གསལ་རེད། ཁོང་ཚོས་མཉམ་འབྲེལ་ཐོག་ཆ་འཕྲིན་སྙན་ཞུ་རྫུས་མ་ཁྱབ་བསྒྲགས་བྱེད་པ་དེ་རང་འཕྱ་སྨོས་ཆེན་པོ་རུང་བ་རེད། ཀུང་སི་ཁ་ཤས་ད་རེས་དེའི་ནང་ཞུགས་པའི་ཐོག་ནས་ཨ་རིས་སྲིད་གཞུང་གི་སྒྲིག་གཞི་ཕུད་ད་དུང་ཆ་འཕྲིན་རྫུས་མ་འགྲེམས་སྤེལ་བྱེད་པའི་ཐབས་ལམ་གསར་པའང་རྒྱ་ཆེར་གཏོང་གི་ཡོད་པ་གསལ་པོར་མཚོན་ཡོད། འདི་ནི་ཐེངས་དང་པོ་མིན་ལ་མཐའ་མ་དེའང་མ་རེད། གཡོ་ཐབས་གང་འདྲ་ཞིག་སྤྱད་ཀྱང་ཨ་རི་ནི་“མགྲོན་ནག་བཙན་རྒྱལ་”ཞིག་ཡིན་པའི་དོན་དངོས་ལ་འགྱུར་བ་གཏོང་མི་ཐུབ་ཅེས་བཤད།
   མའོ་ཉིང་གིས། ན་ནིང་ཟླ་9པར། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་སྒྲིག་གཞིས་སྙན་ཞུ་ཁྱབ་བསྒྲགས་བྱས་ནས། ཨ་རིའི་རྒྱལ་ཁབ་བདེ་འཇགས་ཅུད་ཀྱིས་དྲ་རྒྱའི་ཐོག་ནས་ཀྲུང་གོའི་ནུབ་བྱང་བཟོ་ལས་སློབ་ཆེན་ལ་ཚུར་རྒོལ་བྱས་པའི་གནས་ཚུལ་ཡོངས་བསྒྲགས་ཞིབ་ཕྲ་བྱས་པས། ཨ་རི་ཕྱོགས་ཀྱིས་ཆ་འཕྲིན་རྫུས་མ་འགྲེམས་སྤེལ་བྱས་ནས་སྣང་གཡེང་དུ་མི་འཇུག་པར། དྲ་རྒྱར་ཚུར་རྒོལ་བྱེད་པའི་འབྲེལ་ཡོད་བྱེད་སྤྱོད་འཕྲལ་མར་གསལ་བཤད་བྱེད་དགོས།