འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་ཡོ་ཨེ་དཔལ་འབྱོར་མནའ་འབྲེལ་གྱི་ཡོ་ཨེའི་དཔལ་འབྱོར་གླེང་སྟེགས་སྐབས་གཉིས་པའི་
ཚང་འཛོམས་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་གསུངས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་26ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་5ཚེས་24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུས་ལྟར་བརྙན་ལམ་ནས་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་གླེང་སྟེགས་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་གསུངས་པ།
ཟླ་5ཚེས་24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུས་ལྟར་བརྙན་ལམ་ནས་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་གླེང་སྟེགས་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་གསུངས་པ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུས་ལྟར་བརྙན་ལམ་ཐོག་ནས་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་གླེང་སྟེགས་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ལོ་རྒྱུས་རླབས་རྒྱུན་ནི་འགོག་ཐབས་བྲལ་བ་ཞིག་རེད། ཕྱོགས་མང་རིང་ལུགས་དངོས་འབྲེལ་མཐའ་འཁྱོངས་དང་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ཏུ་བྱུང་བ་ཞིག་རེད། ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོ་ནི་འཛམ་གླིང་ཐོག་མི་འབོར་མང་ཤོས་དང་། རྒྱལ་ཁབ་མང་ཤོས། ཤེས་དཔལ་ལྡན་ཤོས་བཅས་ཀྱི་ས་ཁུལ་ཞིག་ཡིན་ཞིང་། ཡོ་ལངས་དང་འཕོ་འགྱུར་གྱི་འཛམ་གླིང་དུ་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་མཉམ་ལས་དེ་ལམ་བུ་ཇི་འདྲ་ཞིག་ཏུ་སྐྱོད་དགོས་སམ། དེ་ནི་ས་ཁུལ་མི་དམངས་ཀྱི་བདེ་རྩ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་མ་ཟད། དེས་འཛམ་གླིང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་ཀྱི་ཡོད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་ཀྱི་དྲི་བ་དང་ལོ་རྒྱུས་ཀྱི་དྲི་བ་འདི་ལྟ་བུར་ཀྲུང་གོས་ལན་གསལ་པོ་བཏབ་ཡོད་ཅིང་། ངས་སྔ་རྗེས་སུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཅས་བཏོན་ནས་ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་བསྟུན་མཁས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་བསྐྲུན་པར་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་གཞོལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད། འདི་ལོ་ནི་ངས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བའི་ལོ་ཞིག་ཡིན་ཞིང་། གྲོས་འགོ་འདིའི་འགོ་ཚུགས་ས་དང་དོན་ལ་བབས་ས་ནི་ཐག་ཉེ་རིང་གི་རྒྱལ་ཁབ་རྣམས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་ཐབས་ཤེས་གསར་པ་འཚོལ་ཞིབ་དང་། རྒྱལ་ཁབ་ཁག་ལ་བདེ་རྩ་སྐྲུན་པ་དང་འཛམ་གླིང་ལ་ཕན་པའི“བདེ་སྐྱིད་ཀྱི་ལམ་བུ”ཞིག་གཏོད་རྒྱུ་དེ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་ཁྱིམ་ཚང་ཆེ་མོའི་ཁོངས་མི་ཞིག་ཡིན་པའི་ཀྲུང་གོ་ཡི་འཕེལ་རྒྱས་དེ་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་ས་ཁུལ་དང་ཁ་འབྲལ་ཐབས་མེད་ལ་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་ས་ཁུལ་ལའང་ཕན་པ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་སྐྲུན་གྱི་སྦྲེལ་མཐུད་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཡོང་བ་བྱས་ནས་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་མཉམ་ལས་དང་རྡོག་རྩ་གཅིག་སྒྲིལ་གྱིས་ཨེ་ཤེ་ཡ་དང་ཡོ་རོབ་མཉམ་ལས་ཀྱི་རྣམ་པ་གསར་པ་ལག་གདང་སྦྲེལ་ནས་གཏོད་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། འདི་ལོའི་ལོ་སྨད་དུ། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་གཉེར་རྒྱུ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དང་དེ་བཞིན་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་དང་མཉམ་དུ་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་དར་ཆ་མུ་མཐུད་མཐོན་པོར་བསྒྲེངས་ནས་གོ་སྐབས་མཉམ་སྤྱོད་དང་། དུས་ངལ་མཉམ་སེལ། ཐུན་མོང་ཐོག་འབྱུང་འགྱུར་གཏོད་པ་བཅས་བྱས་ཏེ་སྣེ་མང་ཅན་འཛམ་གླིང་གི་ཤེས་དཔལ་ཡར་ཐོན་གྱི་ལེའུ་གསར་པ་ལག་གདང་སྦྲེལ་ནས་རྩོམ་འདོད་ཡོད།
    ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་གླེང་སྟེགས་སྐབས་གཉིས་པ་དེ་ཟླ་5ཚེས་24ཉིན་ཨུ་རུ་སུའི་མོ་སི་ཁོར་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱས་ནས་གཉེར་བ་དང་བརྗོད་དོན་གཙོ་བོ་ནི“སྣེ་མང་ཅན་གྱི་འཛམ་གླིང་ཁྲོད་ཀྱི་ཡོ་རོབ་དང་ཨེ་ཤེ་ཡ་གཞི་གཅིག་ཅན”ཞེས་པ་དེ་རེད།