འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་ནས་ཨའོ་མོན་ཚན་རྩལ་སློབ་ཆེན་གྱི་དགེ་སློབ་ལ་སྐུལ་ལྕག་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་26ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་5ཚེས་23ཉིན“ཨའོ་མོན་ཚན་རིག་དང་པོ་རྟགས་ཅན”གྱི་སྲུང་སྐར་ཞིབ་བཟོའི་ལས་དོན་ནང་ཞུགས་པའི་ཨའོ་མོན་ཚན་རྩལ་སློབ་ཆེན་གྱི་དགེ་སློབ་ཀྱི་འཐུས་མིར་འཕྲིན་ལན་སྤྲིངས་ནས། ཁོང་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་བ་རེད།
   ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། འཕྲིན་ཡིག་ནང་གི་ཡིག་འབྲུ་རེ་རེ་ལས། ཁྱེད་ཚོས་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་གཞག་དང་འཇིག་རྟེན་འཕུར་སྐྱོད་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་པའི་སྤྲོ་སེམས་དང་འགན་འཁྲི་འཁུར་སེམས་ཚོར་བྱུང་། ཁྱེད་ཚོས་མཉམ་དུ་ཞིབ་བཟོ་བྱས་པའི“ཨའོ་མོན་ཚན་རིག་དང་པོ་རྟགས་ཅན” གྱི་སྲུང་སྐར་བདེ་བླག་ངང་འཕེན་གཏོང་ཐུབ་པ་ཤེས་བྱུང་བས། ཁྱེད་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ཉེ་བའི་ལོ་ཤས་རིང་། ཨའོ་མོན་གྱིས་ནང་ས་དང་འཇིག་རྟེན་འཕུར་སྐྱོད་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བར་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། འཛམ་གླིང་གི་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དེས། ཨའོ་མོན་གྱི་མཐོ་སློབ་དང་ཨའོ་མོན་གྱི་ཚན་རྩལ་ལས་དོན་པར་དེ་བས་རྒྱ་ཆེ་བའི་འཕེལ་རྒྱས་བར་མཐོངས་བཏོད་ཡོད། ཁྱེད་ཚོས་མུ་མཐུད་རྒྱལ་གཅེས་ཨའོ་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོའི་ཁྲོད་ཧུར་ཐག་ཞུགས་པ། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་པ་བཅས་བྱས་ཏེ། ཨའོ་མོན་གྱི་དཔལ་འབྱོར་སྣེ་མང་འོས་འཚམ་རང་བཞིན་སྒོ་ནས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས་ནས “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཨའོ་མོན་དུ་བདེ་བླག་ངང་ལག་བསྟར་ཐུབ་རྒྱུར་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
   “ཨའོ་མོན་ཚན་རིག་དང་པོ་རྟགས་ཅན”གྱི་སྲུང་སྐར་ནི་ནང་ས་དང་ཨའོ་མོན་གྱིས་མཉམ་ལས་ངང་ཞིབ་བཟོ་བྱས་པའི་བར་སྣང་ཁམས་ཀྱི་ཚན་རིག་སྲུང་སྐར་ཐོག་མ་དེ་ཡིན་པ་དང་། དེ་གཙོ་བོ་སའི་གོ་ལའི་ཁབ་ལེན་ར་བའི་འཚོལ་ཞིབ་དཔྱད་ལེན་དང་ཞིབ་འཇུག་ཐད་བཀོལ་སྤྱོད་བྱེད་ཀྱི་ཡོད། ཟླ་5ཚེས་21ཉིན་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་ལེགས་འགྲུབ་བྱུང་ཡོད། སྲུང་སྐར་ཞིབ་བཟོའི་ཁྲོད་ཞུགས་པའི་ཨའོ་མོན་ཚན་རྩལ་སློབ་ཆེན་གྱི་དགེ་སློབ་ཀྱི་འཐུས་མི་18ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ནས། སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱུང་བའི་གཏམ་བཟང་དང་སྲུང་སྐར་ཞིབ་བཟོའི་ལས་དོན་ཁྲོད་ཞུགས་པའི་མྱོང་ཚོར་སྙན་སེང་ཞུས་ཏེ། མེས་རྒྱལ་གྱི་ཚན་ཞིབ་འཛུགས་སྐྲུན་ཁྲོད་ཧུར་ཐག་ངང་ཞུགས་རྒྱུའི་རེ་འདུན་དང་ཆོད་སེམས་མཚོན་པར་བྱས་ཡོད།