འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཧུའུ་པེ་དབྱི་ཁྲང་གི་འགག་གསུམ་དུ་མཚོ་ཐོག་སྐྱེལ་འདྲེན་ལས་ལ་བྲེལ་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་26ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། བསོད་དབང་།)

 
     འབྲི་ཆུའི་འགག་གསུམ་གྱི་མཚོ་འགྲུལ་དོ་དམ་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོ་ཚུན་དུ། འགག་གསུམ་གྲུ་འགག་གི་རིམ་པ་ལྔ་པའི་ཆུ་གསབ་འཁོར་སྐྱོད་རྣམ་པའི་འོག ཟླ་5པའི་ཟླ་དཀྱིལ་བར་འགག་གསུམ་གྲུ་འགག་ནས་གྲུ་གཟིངས་ཁྱོན་ཁྲི་1.6ལྷག་ཙམ་བཏང་བ་དེ་དུས་མཚུངས་ལས་13.07%འཕར་ཡོད་པ་རེད།
     2023ལོར་འབྲུབ་ཆུ་རྒྱས་ཚུན། འགག་གསུམ་ལྟེ་གནས་ཀྱིས་བཞུར་ཚད་རྒྱུན་མཐུད་ཆེ་རུ་བཏང་བས་ཆུ་མཛོད་ཀྱི་ཆུ་ཁ་རྒྱུན་མཐུད་དམའ་རུ་ཕྱིན་ཡོད། མིག་སྔར། འགག་གསུམ་གྲུ་འགག་དེ་རིམ་པ་ལྔ་པའི་ཆུ་གསབ་འཁོར་སྐྱོད་ནས་རིམ་པ་བཞི་པའི་འཁོར་སྐྱོད་ལ་བསྒྱུར་བས་གྲུ་གཟིངས་ཀྱིས་ཆ་སྙོམས་འགག་སྒོ་ལས་སྒྲོལ་བའི་དུས་ཚོད་སྐར་མ་40ལྷག་ཙམ་ཐུང་དུ་ཕྱིན་ཡོད། འགག་གསུམ་གྲུ་འགག་རྒྱུན་མཐུད་ངང་ཐེག་ཚད་མཐོ་ཤོས་ཀྱི་སྒོ་ནས་འཁོར་སྐྱོད་བྱས་ཏེ་གྲུ་གཟིངས་འགག་སྒོ་ལས་སྒྲོལ་ཚད་མང་དུ་གཏོང་གང་ཐུབ་བྱས་ཡོད་པ་རེད།