འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག་ན་སོ་དར་ལ་མ་བབས་པའི་མི་དང་འབྲེལ་བའི་གྱོད་གཞིའི་ཁྲོད་ནས་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ལས་དོན་སྤེལ་བའི་དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་26ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། བསོད་དབང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོཌ་བྱས་པར་གཞིཌ་ན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོཌ། ཀྲུང་གོ་མི་རབས་རྗེས་མར་དོ་ཁུར་ལས་དོན་ཨུ་ལྷན་བཅས་ཀྱིས་མཉམ་དུ་ན་སོ་དར་ལ་མ་བབས་པའི་མི་དང་འབྲེལ་བའི་གྱོད་གཞི་སྒྲུབ་གཉེར་བྱེད་སྐབས་ཁྱིམ་ཚང་སློབ་གསོ་དང་མཛུབ་ཁྲིད་ཀྱི་ལས་དོན་ཕྱོཌ་ཡོངས་ནས་སྤེལ་བའི་དཔེ་མཚོན་གྱོད་དཔེ་ཁག་ཐེངས་གཉིས་པ་ཁྱབ་བསྒྲགས་བྱས་པ་རེད། ཁག་ཐེངས་དེའི་གྱོད་དཔེ་ལས་ཞིབ་དཔྱོད་ལས་ཁུངས་ཀྱིས་ན་སོ་དར་ལ་མ་བབས་པའི་མི་དང་འབྲེལ་བའི་གྱོད་གཞི་སྒྲུབ་གཉེར་བྱེད་སྐབས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མི་རབས་རྗེས་མར་དོ་ཁུར་ལས་དོན་ཨུ་ལྷན་དང་མཉམ་དུ་ཁྱིམ་ཚང་སློབ་གསོ་དང་མཛུབ་ཁྲིད་ཀྱི་ལས་དོན་གཏིང་ཟབ་སྤེལ་སྟངས་དང་དེའི་ཕན་འབྲས་གཅིག་སྡུད་ཐོག་མངོན་ཡོད། དེས་ས་གནས་ཁག་ལ་ཁྱབ་གདལ་གཏོང་ཆོག་པ་དང་ལད་མོ་བྱེད་ཆོག་པའི་ཉམས་མྱོང་མཁོ་འདོན་བྱས་པ་དང་། ཁྱིམ་ཚང་སློབ་གསོ་དང་མཛུབ་ཁྲིད་ཀྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ། འབྲེལ་ཡོད་ལམ་ལུཌ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་ཡོད་པ་རེད།
     ད་ཐེངས་ཁྱབ་བསྒྲགས་བྱས་པའི་དཔེ་མཚོན་གྱོད་དཔེ་ཁྱོན་6ཡོད་ཅིང་། དེའི་ནང་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་གྱོད་གཞི་དང་། ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་ཕོག་པའི་གྱོད་གཞི། ན་སོ་དར་ལ་མ་བབས་པའི་མིའི་དམངས་དོན་ལག་བསྟར་ལྟ་སྐུལ་དང་འབྲེལ་བའི་གྱོད་གཞི། དཀའ་ངལ་འཕྲད་པའི་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་གི་གྱོད་གཞི་བཅས་ཚུད་ཡོད། དཔེ་མཚོན་གྱོད་དཔེ་ཁག་ཐེངས་དེས་དཔྱད་གཞིར་འཛིན་རིན་ཡོད་པའི་ཉམས་མྱོང་དང་བྱེད་སྟངས་མང་པོ་ཞིག་གསེད་དཀྲོལ་བྱས་པ་སྟེ། ཞིབ་དཔྱོད་ལས་ཁུངས་ཀྱིས་ལྟ་སྐྱོང་མཁན་གྱི་སློབ་གསོ་གཏོང་སྟངས་ལ་འགྱུར་ལྡོག་བཏང་སྟེ་ཕྲུ་གུའི་སྤྱོད་པ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཁྱིམ་ཚང་གི་རྒྱབ་སྐྱོར་མ་ལག་བསྐྱར་བཟོ་བྱེད་པ་དང་། ལྟ་སྐྱོང་མཁན་གྱིས་གནོད་འཚེ་བཏང་བའི་གྱོད་གཞི་སྒྲུབ་གཉེར་བྱེད་པ་དང“གནད་དོན་ཡོད་པའི་ཕ་མར”ལྟ་སྟངས་འཛིན་སྐབས་ན་སོ་དར་ལ་མ་བབས་པའི་མིར་ཕན་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ལྟ་སྐྱོང་མཁན་ལ་ལྟ་སྐུལ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ། ནག་ཉེས་བསགས་པའི་ན་སོ་དར་ལ་མ་བབས་པའི་མིར་རོགས་སློབ་བྱེད་པ་དང་ལྟ་སྐྱོང་མཁན་ལ་ཁྱིམ་ཚང་གི་སློབ་གསོ་དང་མཛུབ་ཁྲིད་བྱེད་རྒྱུ་ཟུང་འབྲེལ་བྱས་ཏེ་ནག་ཉེས་བསགས་པའི་ན་སོ་དར་ལ་མ་བབས་པའི་མི་ཡོ་བསྲང་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་བ། ཁྱིམ་ཚང་གི་སློབ་གསོ་དང་མཛུབ་ཁྲིད་ལ་བརྟེན་ནས་ཐུག་འཕྲད་ཀྱི་དཀའ་གནད་སེལ་རོགས་བྱས་ཏེ་ཕྲུ་གུ་ཚོ་ཕ་མའི་རྙོག་འཛིང་ཆེ་བའི་འབྲེལ་བའི་ཁྲོད་ཀྱི་ཕོག་ཐུག་ཕོག་མཁན་ལ་མི་འགྱུར་བ་བྱེད་པ། ཁྱིམ་ཚང་གི་སློབ་གསོ་དང་མཛུབ་ཁྲིད་ཀྱི་ཕན་འབྲས་ལ་འགུལ་རྣམ་ཚོད་སྐོར་བྱས་ཏེ་དུས་ཐོག་ཏུ་མཛུབ་ཁྲིད་ཇུས་གཞི་ལེགས་སྒྲིག་བྱས་ནས་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་གྱི་སྟོབས་ཤུགས་མི་འདང་བའི་ས་ཁུལ་གྱི་ཁྱིམ་ཚང་ལ་སློབ་གསོ་གཏོང་བ་དང་མཛུབ་ཁྲིད་བྱེད་མཁན་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། ཡུལ་གཞན་དང་མཉམ་ལས་གཞོགས་འདེགས་ཀྱི་ལས་དོན་ཏན་ཏིག་སྤེལ་ནས་དཀའ་ངལ་འཕྲད་པའི་ན་སོ་དར་ལ་མ་བབས་པའི་ཉེས་གསོག་དོགས་ཅན་གྱི་ཕྲུ་གུ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བཅས་རེད།