འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོའི་དཔེ་སྐྲུན་འཐུས་ཚབ་ཚོགས་པ་ཨབ་ཀྲ་པེ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་ཚོགས་ལ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་26ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། བསོད་དབང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨབ་ཀྲ་པེ་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨབ་ཀྲ་པེའི་རྒྱལ་ཁབ་འགྲེམས་སྟོན་ལྟེ་གནས་སུ་ཨབ་ཀྲ་པེ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་ཚོགས་སྐབས་32པ་འགོ་ཚུགས་ཤིང་། པེ་ཅིང་དང་། ཐེན་ཅིན། ཧྲང་ཧའེ། ཀྲེ་ཅང་སོགས་དཔེ་སྐྲུན་ཚན་པ་14ཡི་འཐུས་ཚབ་25ཡིས་རྒྱལ་ཁབ་འཐུས་ཚབ་ཚོགས་པ་གྲུབ་སྟེ་རིགས་736གི་དེབ་རྩེ་གྲ་1151ཁྱེར་ནས་དྲ་ཕྱིའི་འགྲེམས་སྟོན་ལ་ཞུགས་པ་རེད།
     འཐུས་ཚབ་ཚོགས་པས་ངོ་སྤྲོད་བྱས་པ་ལྟར་ན། ད་རེས་ཀྱི་འགྲེམས་ཞུགས་དཔེ་དེབ་ལ་ཀྲུང་གོའི་སྐད་ཡིག་གི་སློབ་གསོ་དང་། སྲོལ་རྒྱུན་རིག་གནས། རྩོམ་རིག དཔལ་འབྱོར། ལོ་ཆུང་བྱིས་པའི་སོགས་དང་འབྲེལ་བའི་ལོ་གཉིས་ཙམ་རིང་དཔེ་སྐྲུན་བྱས་པའི་ཧ་ཅང་བྲིན་པའི་དཔེ་དེབ་ཡོད་པ་རེད།
     ཀྲུང་གོ་དཔེ་སྐྲུན་འཐུས་ཚབ་ཚོགས་པས་དེ་ཉིན“ཀྲུང་གོ་དང་ཨ་རབ་ཤེས་དཔལ་གྱི་གླེང་མོལ་ཏེ། ཀྲུང་གོ་དང་ཨ་རབ་ཀྱི་དཔེ་སྐྲུན་རིག་གནས་སྤེལ་རེས་དང་མཉམ་ལས་གླེང་སྟེགས”གཉེར་ཞིང་། ཨ་རབ་ཚོ་དཔོན་རྒྱལ་ཁབ་ཀྱི་དཔེ་སྐྲུན་དང་དེ་བཞིན་དོ་དམ་ལས་ཁུངས་དབར་སྤེལ་རེས་གཏིང་ཟབ་བྱས་ཏེ་ཕན་ཚུན་དཔྱད་གཞིར་འཛིན་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་རེད།