འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བའི་ཤིས་ཧ་ནུ་ཁེ་གྲུ་ཁའི་དཔལ་འབྱོར་དམིགས་བསལ་ཁུལ་གྱི་གྲུབ་འབྲས་འགྲེམས་སྟོན་ཁམ་ཕུ་ཁྲེར་གཉེར་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་26ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། བསོད་དབང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁམ་ཕུ་ཁྲེའི་ཤིས་ཧ་ནུ་ཁེ་གྲོང་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་ཁམ་ཕུ་ཁྲེའི་ཤིས་ཧ་ནུ་ཁེ་གྲུ་ཁའི་དཔལ་འབྱོར་དམིགས་བསལ་ཁུལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བའི་ཤིས་ཧ་ནུ་ཁེ་གྲུ་ཁའི་དཔལ་འབྱོར་དམིགས་བསལ་ཁུལ་གྱི་གྲུབ་འབྲས་འགྲེམས་སྟོན་གཉེར་བ་དང་། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་དང་ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཝུན་ཐེན་མཛད་སྒོར་ཞུགས་པ་རེད།
     ད་ཐེངས་ཀྱི་གྲུབ་འབྲས་འགྲེམས་སྟོན་གྱིས་པར་རིས་དང་། བརྙན་ཐུང་། དངོས་པོ་བཅས་སྣོལ་མར་བརྟེན་ནས་ཤིས་ཧ་ནུ་ཁེ་གྲུ་ཁའི་དཔལ་འབྱོར་དམིགས་བསལ་ཁུལ་ལ་ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣ་དང་དེ་བཞིན་རིམ་ཁག་སྲིད་གཞུང་གི་རྒྱབ་སྐྱོར་འོག་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་མངོན་ཡོད།
     ཧུང་སེན་གྱིས་གྲུབ་འབྲས་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོར་ཤིས་ཚིག་སྒྲོན་སྐབས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་བཅུ་སོང་རིང་། ཤིས་ཧ་ནུ་ཁེ་གྲུ་ཁའི་དཔལ་འབྱོར་དམིགས་བསལ་ཁུལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ད་ཆ་ཁེ་ལས་175བཅའ་སྡོད་བྱས་ཏེ་ཁམ་ཕུ་ཁྲེར་ལས་ཞུགས་ལས་གནས་ཁྲི་3མཁོ་འདོན་བྱས་ཡོད། འདི་ལོ་ནི་ཁམ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་65འཁོར་བ་དང་ཁམ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལོ་ཡིན་པས་ཁམ་ཀྲུང་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ལ་འགྱུར་བ་གཏན་ནས་འགྲོ་མི་སྲིད། ཡུན་རིང་ཚུན་དུ་ཀྲུང་གོས་ཁམ་ཕུ་ཁྲེའི་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཤིང་། ཁམ་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱིས་ཁམ་ཕུ་ཁྲེའི་མི་སེར་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཐོབ་ཡོད་ཅེས་བརྗོད།
     ཝང་ཝུན་ཐེན་གྱིས་ཤིས་ཧ་ནུ་ཁེ་གྲུ་ཁའི་དཔལ་འབྱོར་དམིཌ་བསལ་ཁུལ་ནི“རྒྱུད་གཅིག་ལམ་གཅིག”གི་ཀྲུང་ཁམ་རྒྱལ་ཁབ་གཉིས་པོའི་དངོས་གྲུབ་མཉམ་ལས་ཀྱི་དཔེ་མཚོན་ལས་གྲྭ་ཞིག་རེད། ད་ཆ་དཔལ་འབྱོར་དམིཌ་བསལ་ཁུལ་དེ་ཤིས་ཧ་ནུ་ཁེ་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི“མེ་འཁོར་ཨ་མ”དང་ས་གནས་དེ་གའི་དམངས་ཚོཌ་ལས་བརྩོན་ཕྱུག་འགྱུར་གྱི་འཚོ་རྟེན་དུ་གྱུར་ཡོད། ལོ་བཅུའི་རིང་ཀྲུང་གོ་དང་ཁམ་ཕུ་ཁྲེས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ཡོད།