འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཟླ་དང་པོ་ནས་བཞི་པའི་བར་མཚོ་སྔོན་གྱི་ཕྱིར་གཏོང་ནང་འདྲེན་འཕར་ཚད་མགྱོགས་པ་དང་གྲུབ་ཆ་ལེགས་སྒྱུར་རིམ་སྤོར་བྱུང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་26ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། བསོད་དབང་།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་ནས་བཞི་པའི་བར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་16.8ཟིན་པ་དེ་དུས་མཚུངས་ལས་29.8%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་བདུན་པར་སླེབས་ཡོད་པ་རེད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་9.5ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་67.6%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་བཞི་པར་སླེབས་ཡོད། ཟླ་བཞི་པར་ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་2.4ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་156.9%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་མཚོ་སྔོན་གྱི“ས་ཁུལ་བཞིའི་འཛུགས་སྐྲུན”དང་ཟུང་འབྲེལ་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་ཁྱབ་ཁོངས་ཀྱི་གཙོ་གནད་ས་ཁུལ་དང་། གཙོ་གནད་ལས་རིགས། གཙོ་གནད་ཁེ་ལས། གཙོ་གནད་ཐོན་རྫས་བཅས་ལ་དམ་འཛིན་ཤུགས་ཆེན་བྱས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། འབྲེལ་གཏུག་བྱ་ཡུལ་ལ་རོཌ་སྐྱོར། ཟླ་རེར་བཀོད་གཏོང་། སྲིད་ཇུས་སྒྲོག་འགྲེལ། ཁྲོམ་ར་གསར་འབྱེད་སོགས་ཀྱི་བྱེད་ཐབས་བརྒྱུད་འོད་ཤུགས་དང་ཚྭ་མཚོའི་ཐོན་ལས་ལ་བརྟག་ཞིབ་དང་ཐོན་ལས་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་དང་ཐོན་རྫས་ཕྱིར་གཏོང་གི་གཞི་གྲངས་མཐིལ་རྟོགས་བྱས་ནས་ཕྱིར་གཏོང་ནང་འདྲེན་གྱི་འཕར་གཞི་གསར་པ་རྒྱུན་ཆད་མེད་པར་སྔོག་འདོན་བྱས་ཡོད།
     མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ཕྱིར་གཏོང་འཕར་མགྱོགས་པ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ཐོན་རྫས་ཀྱི་གྲུབ་ཆ་མུ་མཐུད་ལེགས་སུ་དང་རིམ་འཕར་བྱུང་ཡོད། ཟླ་དང་པོ་ནས་བཞི་པའི་བར་མཚོ་སྔོན་གྱི“གསར་པ་གཉིས”ཏེ་འོད་ཤུགས་ཐོན་རྫས་དང་ཚྭ་མཚོའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་3.4ཟིན་པ་དེ་དུས་མཚུངས་ལས་548.6%འཕར་ནས་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་དངུལ་འབོར་གྱི་བཟུང་ཚད་35.8%ཟིན་ཏེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་26.5འཕར་ཡོད་པ་རེད།