འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གསེར་དངུལ་སོགས་ཀྱི་རིག་དངོས་4000ལྷག་རྙེད་ཡོད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་25ཉིན། 16:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གསེར་དངུལ་སོགས་ཀྱི་རིག་དངོས་4000ལྷག་རྙེད་ཡོད།
   ཀུའེ་ཀྲོའུ་ཀུའེ་ཨན་ཁུལ་གསར་གྱི་ཏ་སུང་ཧྲན་བང་སོ་ནི་མ་ཁྲང་གྲོང་རྡལ་དུ་གནས་ཤིང་། ཏ་སུང་རི་བོའི་བང་སོའི་ཚོགས་དེ་ལོ་1400ལྷག་གི་ལོ་རྒྱུས་ལྡན་ཞིང་། དེ་ནི་ཀུའེ་ཀྲོའུ་ཡི་སྔོག་འདོན་གཞི་ཁྱོན་ཆེ་ཤོས་དང་དུས་ཡུན་རིང་ཤོས་ཀྱི་བང་སོ་ཞིག་ཡིན་པ་དང་། ཀུའེ་ཀྲོའུ་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་ཅིན་རྒྱལ་རབས་གཉིས་པ་ནས་མིང་རྒྱལ་རབས་བར་གྱི་བང་སོ་འཕེལ་རྒྱས་ཀྱི་གོ་རིམ་ཆ་ཚང་ཐོག་མར་བཙུགས་ནས། ཀུའེ་ཀྲོའུ་ལོ་རྒྱུས་དུས་སྐབས་ཀྱི་གནའ་རྫས་རྟོག་ཞིབ་རིག་པའི་ཞིབ་འཇུག་ལ་ལོ་རབས་ཀྱི་ཚད་གཞི་ཞིག་བཏོད་ཡོད་པ་རེད། མིག་སྔའི་བར་བང་སོ་དེར་ཁྱོན་བང་སོ་2192གཙང་སེལ་བྱས་པ་དང་། རིག་དངོས་སྣ་ཚོགས་4000ལྷག་ཙམ་རྙེད་པ་དེའི་ནང་གསེར་དང་། དངུལ། ཟངས། ལྕགས་སོགས་ཚུད་ཡོད། དེའི་ནང་སོ་མང་དངུལ་ཤན་མ་དང་ཟངས་ཀྱི་སྐེ་རྒྱན་སོགས་བཟོ་དབྱིབས་དམིགས་བསལ་དང་བཟོ་རྩལ་ཕུལ་དུ་བྱུང་བའི་དངོས་པོ་རྩ་ཆེན་ཡོད་པ་རེད། བང་སོ་དེ་2023ལོའི་ཟླ་གསུམ་པར“2022ལོའི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུར”བདམས་པ་རེད།
༄༅།།གསེར་དངུལ་སོགས་ཀྱི་རིག་དངོས་4000ལྷག་རྙེད་ཡོད།
༄༅།།གསེར་དངུལ་སོགས་ཀྱི་རིག་དངོས་4000ལྷག་རྙེད་ཡོད།
༄༅།།གསེར་དངུལ་སོགས་ཀྱི་རིག་དངོས་4000ལྷག་རྙེད་ཡོད།