འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།“2023ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས”ཀྱི་ལྟ་སྐོར་འཚམས་འདྲི་ཚོགས་པས་བོད་ལྗོངས་དུ་རྟོག་ཞིབ་བྱས།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་25ཉིན། 16:15】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་5ཚེས་16ནས་ཚེས་21ཉིན་བར། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་མང་པོའི་གཞུང་ཚབ་པ་དང་ཀྲུང་ཕྱིའི་སྐུ་མགྲོན་ལས་གྲུབ་པའི“2023ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས”ཀྱི་ལྟ་སྐོར་འཚམས་འདྲི་ཚོགས་པས་བོད་ལྗོངས་དུ་རྟོག་ཞིབ་བྱས།
     ཉིན་ཤས་བསྟུད་མར། ལྟ་སྐོར་འཚམས་འདྲི་ཚོགས་པ་སྔ་རྗེས་སུ་ཡར་ཀླུང་གཙང་པོ་དང་། སྨིན་གླིང་གྲོང་ཁྱེར་ཆབ་ནག་ཤང་།  ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོ། རྒྱལ་ཡོངས་བོད་སྐྱོར་འགྲེམས་སྟོན་ཁང་། ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པ། ལྷ་སའི་པེ་ཅིང་ཚོད་ལྟ་སློབ་འབྲིང་། ནོར་བུ་གླིང་ཁ། བོད་ལྗོངས་སློབ་ཆེན་དཔེ་དེབ་ཁང་། ཕོ་བྲང་པོ་ཏ་ལ། གཙུག་ལག་ཁང་། ཡར་འབྲོག་གཡུ་མཚོ། ལྷོ་རིའི་སྤྱི་གླིང་སོགས་སུ་རྟོག་ཞིབ་བྱས་ནས་རང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་དང་། ཐོན་ལས་འཕེལ་རྒྱས། ཚོགས་སྒྲིག་རྣམ་པའི་བོད་སྐྱོར། རིག་དངོས་སྲུང་སྐྱོང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གྲུབ་འབྲས་ཡུལ་དངོས་སུ་ཉམས་ལེན་བྱས་པ་རེད། ཚང་མས་ལྟ་སྐོར་དང་རྟོག་ཞིབ་བྱས་པ་བརྒྱུད། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་ཤིག་མཐོང་བྱུང་ལ། དུས་རབས་གསར་པར་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཡང་མྱོང་ཚོར་ཐུབ་བྱུང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།