འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཁེ་མ་ཁའེ་ཡིས་བོད་ཀྱི་མཐོང་ཐོས་གླེང་བ། ལམ་ཐག་ཉིན་གསུམ་བཞི་ཡིན་པ་ནས་ད་ལྟ་ཆུ་ཚོད་གཅིག་ལ་
འབྱོར་ཐུབ་པས། འཕེལ་རྒྱས་དངོས་གནས་མགྱོགས་པོ་བྱུང་འདུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་25ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་5ཚེས་23ཉིན། “2023ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་”པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཁབ་དང་ས་ཁུལ་36ནས་ཡོང་བའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་150ལྷག་ཙམ་གྱིས་“དུས་རབས་གསར་པ་དང་། བོད་ལྗོངས་གསར་པ། རྒྱང་ལམ་གསར་པ་སྟེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་འགན་ལེན་གྱི་ལེའུ་གསར་པའི་”བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་རྒྱ་ཁྱབ་དང་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། པེ་ཅིང་ཅིང་ཞི་སློབ་གྲྭ་མཉམ་འབྲེལ་ཐོག་གསར་དུ་གཉེར་མཁན་ཁེ་མ་ཁའེ་(Michael Crook)ཡིས། རང་ཉིད་ཀྱི་སྤོ་བོ་ལགས་ལོ་90ལྷག་ཙམ་གོང་བོད་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་བསྐྱོད་མྱོང་ཡོད། སྐབས་དེ་དུས་ཇ་རྟ་གནའ་ལམ་ཁོ་ན་ལས་རླངས་འཁོར་རྩ་བ་ནས་ཤར་གཏོང་ཐུབ་ཀྱི་མེད་པས། རྟ་ཡོད་ན་མ་གཏོགས་འགྲོ་མི་ཐུབ། ད་ཆ་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ལྷག་པར་དུ་ལོ་70ཙམ་རིང་ས་གནས་དེ་དག་གི་དེ་སྔོན་ཉིན་གསུམ་བཞི་ཙམ་མམ་ཆུ་ཚོད་གསུམ་བཞི་ཙམ་བསྐྱོད་དགོས་སར། ད་ཆ་ཟམ་པ་བསྐྲུན་ནས་ཆུ་ཚོད་གཅིག་ནང་འབྱོར་ཐུབ་པས། ས་གནས་དེ་གའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་མི་རྣམས་ཧང་སངས་རུང་བ་རེད་ཟེར།