འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྣམ་པར་བཀྲ་བའི་ཀྲུང་ཧྭ། བོད་ཀྱི་ཟས་མཆོག་གྲོ་མ་འབྲས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་24ཉིན། 15:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 


     བོད་ལྗོངས་ནི“འཛམ་གླིང་ཡང་རྩེར”གནས་ཤིང་། མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་སྨི་4000ལྷག་ཙམ་ཡིན། བོད་རིགས་མི་དམངས་མི་རབས་ནས་མི་རབས་བར་གངས་རིའི་ལྗོངས་སུ་འཚོ་སྡོད་བྱེད་ཀྱི་ཡོད་པས། ཁོང་ཚོའི་བཟའ་བཏུང་གོམས་གཤིས་ལ་མཐོ་སྒང་གི་ཁྱད་ཆོས་ལྡན་ཡོད། གྲོ་མ་ནི་མཐོ་སྒང་ས་ཁུལ་གྱི་རྩྭ་རིགས་སྐྱེ་དངོས་ཤིག་ཡིན་པ་དང་། རྒྱུན་དུ“གྲོ་མ”ཞེས་བརྗོད་ཀྱི་ཡོད། དེ་ནི་བོད་རིགས་ས་ཁུལ་ལ་དམིགས་བསལ་དུ་ཡོད་པའི་ཟས་མཆོག་གི་གྲས་ཤིག་ཡིན་ཞིང་། འཚོ་བཅུད་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད། གྲོ་མ་འབྲས་ནི་འབྲས་བཙོས་མ་དང་གྲོ་མ་དཀར་ཡོལ་གཅིག་གི་ནང་བླུགས་རྗེས། དེའི་སྟེང་ལ་ཀ་ར་དང་མར་ཁུ་བླུགས་དགོས་པ་དང་། ཟ་དུས་དཀྲུགས་ཞོར་ཟ་ཞོར་བྱས་ན་མངར་མོ་སྣུམ་པོ་ཡིན་ཡང་ཡི་ག་མི་ལོག་པའི་ཁྱད་ཆོས་ལྡན། བོད་རིགས་མང་ཚོགས་ཀྱིས་གྲོ་མ་འབྲས་ནི་མཉམ་འཛོམས་དང་འཆམ་མཐུན་གྱི་མཚོན་བྱེད་རང་བཞིན་གྱི་བཟའ་བཅའ་ཞིག་ཏུ་བརྩིས་ནས། གསོལ་སྟོན་བཤམས་པ་དང་མགྲོན་པོར་སྣེ་ལེན་བྱེད་དུས་སྔོན་ལ་སྟེར་གྱི་ཡོད།