འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྣམ་པར་བཀྲ་བའི་ཀྲུང་ཧྭ། བོད་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ལ་རྒྱུས་མངའ་ག་ཚོད་ཡོད་དམ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་24ཉིན། 15:48】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 


     བོད་ལྗོངས་ཀྱི་སྲོལ་རྒྱུན་ལུས་རྩལ་ནི་ཀྲུང་གོའི་མི་རིགས་ཀྱི་ལུས་རྩལ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། བོད་རིགས་མི་དམངས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་སྲོལ་རྒྱུན་དང་བསམ་པའི་ཉམས་འགྱུར་མཚོན་ཡོད། དེ་ནི་བོད་རིགས་མང་ཚོགས་ཀྱིས་དུས་ཡུན་རིང་པོའི་ཐོན་སྐྱེད་དང་འཚོ་བའི་ལག་ལེན་ཁྲོད་གསར་སྐྲུན་བྱས་པའི་མི་རིགས་ཀྱི་ལུས་རྩལ་རིག་གནས་ཀྱི་རྣམ་པ་ཞིག་ཡིན། དེ་ལ་ས་ཁོངས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ་དང་། རྩུབ་རྒོད་དང་བབ་ཆགས་པའི་རྣམ་པ་མངོན་ཡོད། དེའི་ཁྲོད་རྟ་རྒྱུག་དང་། མདའ་འཕེན། རྒྱང་རྒྱུག སྦེ་ག གཡག་རྒྱུག རྡོ་རུམ་བསྡུ། བོད་ཀྱི་མིག་མངས་སོགས་ལུས་རྩལ་བྱེད་སྒོ་ནི་བོད་རིགས་དམངས་ཁྲོད་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཤིག་རེད། ཉེ་བའི་ལོ་ཤས་རིང་། བོད་རིགས་ས་ཁུལ་ཁག་གིས་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་སྔོག་འདོན་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་དེ་བས་མང་བ་མི་རྣམས་ཀྱི་རྒྱུན་གཏན་འཚོ་བའི་ནང་འདྲེས་ཐུབ་ནས་སྐྱེ་སྟོབས་གསར་པ་རྒྱས་ཡོད།